རྒྱལ་ཡོངས་གཞོན་ནུའི་ལུས་རྩལ་འགྲན་ཚོགས་སོཌ་ཀྱི་བོད་ལྗོངས་འཐུས་མི་ཚོཌ་པའི་སྐུལ་སློང་ཚོགས་ཆེན་ཁྲེན་ཏུར་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་ཡོངས་ཀྱི་གཞོན་ནུའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་དང་རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པར་ཞུགས་མཁན་བོད་ལྗོངས་འཐུས་མི་ཚོགས་པའི་སྐུལ་སློང་ཚོགས་ཆེན་ཁྲེན་ཏུར་འཚོགས་པ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག  རྒྱལ་ཡོངས་ཀྱི་གཞོན་ནུའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་ཐོག་རང་ལྗོངས་ཀྱི་ལུས་རྩལ་པར་ད་བར་གསེར་གྱི་རྟགས་མ ༨ དང་དངུལ་གྱི་རྟགས་མ ༥ ཟངས་ཀྱི་རྟགས་མ ༢ བཅས་ཐོབ་ཡོད།  རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་ཐོག་རང་ལྗོངས་ཀྱི་ལུས་རྩལ་པར་བྱ་དགའ་རིམ་པ་དང་པོ་གཅིག་དང་།  བྱ་དགའ་རིམ་པ་གཉིས་པ ༣  བྱ་དགའ་རིམ་པ་གསུམ་པ ༤ བཅས་ཐོབ་ཡོད་པས།  རང་ལྗོངས་ཀྱི་ལུས་རྩལ་སྟོབས་ཆེན་ཁུལ་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་བྱ་གཞག་གོང་འཕེལ་གཏོང་བའི་རྣམ་པ་གསར་པ་མངོན་ཡོད་ཅེས་སྟོན་ཡོད།

ཚོགས་འདུའི་ཐོག  ཚོགས་སྒྲིག་ཚན་པ་ཁག་དང་འགྲན་ཞུགས་པ་ཚོས་མུ་མཐུད་གྲ་སྒྲིག་ཨང་གསར་བྱས་ཏེ་གྲུབ་འབྲས་སྔར་བའི་ལེགས་པ་ཐོབ་པ་བྱེད་དགོས་པའི་བླང་བྱ་སྟོན་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]