མངའ་རིས་ཀྱི་ལོ་རྒྱུས་སྣང་ཚུལ་ཟློས་གར་གུ་གེའི་རྗེས་དྲན་ཞེས་པ་ཧོ་པེ་དང་ཟན་ཤིར་འཁྲབ་སྟོན་བྱེད་རྒྱུ།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2016-01-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གུ་གེའི་རྗེས་དྲན་ཞེས་པ་འཁྲབ་བཞིན་པ།

སྤྱི་ཚེས ༤ ཉིན་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ལོ་རྒྱུས་སྣང་ཚུལ་ཟློས་གར་ཐོག་མ་གུ་གེའི་རྗེས་དྲན་ཞེས་པ་ལྷ་སར་སྙན་ཞུའི་འཁྲབ་སྟོན་བྱས་རྗེས་སྤྱི་ཚེས ༦ ཉིན་ནས་ཁ་གཏད་རོགས་སྐྱོར་ཞིང་ཆེན་ཧོ་པེ་དང་ཟན་ཤིའི་རུ་སྐོར་སྐྱོད་འཁྲབ་སྟོན་བྱེད་པར་སྐྱོད་རྒྱུ་རེད།

གུ་གེའི་རྗེས་དྲན་ཞེས་པའི་ཟློས་གར་འཁྲབ་གཞུང་དེ་ཁྱོན་ཁག་བཞིར་དབྱེ་ཡོད་པ་དང་དེ་དག་ཁག་སོ་སོར་གནས་རི་དང་གནས་མཆོག་ཞེས་པ་དང་།  ཞང་ཞུང་གི་ཉམས་རྒུད་ཞེས་པ།  གུ་གེའི་དར་རྒུད་ཞེས་པ།  གུ་གེའི་རྗེས་དྲན་ཞེས་པ་བཅས་རེད།  དེའི་ནང་ཚོ་སྲིབ་གསུམ་དཀྱིལ་གྱི་ཤོན་དང་བསྟི་ཡག་གི་ཤོན།   རྩྭ་མདའི་ཤོན་སོགས་ཞབས་བྲོའི་སྟང་ཐབས་དང་ཤོན་གྱི་རྔ་རྩལ་སོགས་ནང་དོན་ཚུད་ཡོད།  འཁྲབ་གཞུང་དེར་ཁྱོན་འཁྲབ་སྟོན་པ ༨༠ མ་ཟིན་ཙམ་ཡོད་པ་དེ་དག་ཚང་མ་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་མང་ཚོགས་ཤ་སྟག་རེད།།

ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་སྒྱུ་རྩལ།

ངོ་མཚར་ལྡན་པའི་ལོ་རྒྱུས་སྣང་ཚུལ་ཟློས་གར།

  ༼  ནོར་བུས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]