རིལ་མ་རྡ་རི་རུ་ཁག་གིས་རུ་ཁག་སོ་སོའི་ལོ་རྒྱུས་ཐོག་ཡོ་རོབ་ཀྱི་རྩེར་སོན་བུམ་པ་ཐེངས༡༡པ་དེ་ལེན་ཐུབ་པ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2016-05-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༥ ནས ༢༠༡༦ ལོའི་ཡོ་རོབ་ཀྱི་རྩེར་སོན་བུམ་པའི་རྐང་རྩེད་སྤོ་ལོའི་མཐའ་མཇུག་འགྲན་རྩོད་དེ་པེ་ཅིན་གྱི་དུས་ཚོད་སྤྱི་ཚེས ༢༩ ཉིན་གྱི་མཐོ་རེངས་དབྱི་ཊ་ལིའི་མིའི་ལན་གྲོང་ཁྱེར་དུ་མཇུག་སྒྲིལ་བ་དང་།  འགྲན་བསྡུར་ནང་ཞུགས་མཁན་ཕྱོགས་གཉིས་པོ་ནི་སི་ཕན་གྱི་མ་རྡ་རི་གྲོང་ཁྱེར་ནས་ཡིན་པའི་རིལ་མ་རྡ་རི་Real Madrid ༽རུ་ཁག་དང་ཨཱད་ལས་ཏི་ཁའུ་མ་རྡ་རི་Atletico Madrid རུ་ཁག་ཡིན་པ་དང་།  དེ་ནི་ལོ་གསུམ་ནང་རུ་ཁག་འདི་གཉིས་འགྲན་བསྡུར་རྣམ་གྲངས་འདིའི་མཐའ་མཇུག་འགྲན་རྩོད་ནང་ཐུགས་ཐེངས་གཉིས་པ་དེ་ཡིན།

འགྲན་བསྡུར་འགོ་ཚུགས་ནས་སྐར་མ ༡༥ ཐོག་རིལ་མ་རྡ་རི་རུ་ཁག་གི་རུ་དཔོན་སླ་མོ་སིས་སྤོ་ལོ་གཅིག་བླུགས་ཐུབ་པ་དེར་བརྟེན་ནས་བསྡུར་གྲངས་གཅིག་དང་ཀླད་ཀོར་གྱི་ཐོག་ནས་འགྲན་སྟོད་ཀྱི་འགྲན་བསྡུར་མཇུག་སྒྲིལ་བ་དང་།  འགྲན་སྨད་འགོ་ཚུགས་ཏེ་སྐར་མ་གཉིས་སམ་འགྲན་བསྡུར་ཧྲིལ་པོའི་སྐར་མ ༤༧ གྱི་ཐོག་ཨཱད་ལས་ཏི་ཁའུ་མ་རྡ་རི་རུ་ཁག་ལ་རྡ་སི་ཁེ་ཊམ་ཞུ་བའི་གོ་སྐབས་ཡག་པོ་རག་ན་ཡང་སྤོ་ལོ་མ་འཛུལ་བར་མུ་མཐུད་རྗེས་ལུས་ཀྱི་རྣམ་པར་ལུས་པ་དང་།  འབད་བརྩོན་ལྷོད་མེད་བྱས་པ་རྒྱུད་འགྲན་བསྡུར་གྱི་སྐར་མ་༧༩ ཡི་ཐོག་ག་ར་སི་ཁོས་སྤོ་ལོ་གཅིག་བླུགས་ཐུབ་སྟེ་རུ་ཁག་དེ་གཉིས་དབར་གྱི་བསྡུར་གྲངས་གཅིག་དང་གཅིག་ལ་གྱུར།  དེ་རྗེས་རུ་ཁག་དེ་གཉིས་དབར་འགྲན་བསྡུར་ཛ་དྲག་པོ་བྱས་ཀྱང་རྒྱུན་ལྡན་གྱི་སྐར་མ་དགུ་བཅུའི་ནང་རྒྱལ་ཕམ་ཐག་གཅོད་མ་བྱུང་ཞིང་སྐར་མ་གསུམ་ཅུའི་འགྲན་བསྡུར་འཕར་མ་བྱེད་དགོས་ཐུགས་ཡོད།  འོན་ཀྱང་སྔར་རྒྱུན་བཞིན་རུ་ཁག་སུས་ཀྱང་མུ་མཐུད་སྤོ་ལོ་བླུགས་མ་ཐུབ་ཙང་མཐར་རྡི་སི་ཁེ་ཊམ་རྒྱག་རེས་བྱས་ནས་རྒྱལ་ཕམ་ཐག་གཅོད་བྱེད་དགོས་གལ་ཡོད།  ཨཱད་ལས་ཏི་ཁའུ་མ་རྡ་རི་རུ་ཁག་གི་རུ་མི་ཧུའུ་ཨན་ཧྥུའུ་རན་གྱིས་རེ་སྐོར་བཞི་པའི་རྡ་སི་ཁེ་ཊམ་དེ་ཁ་གཏད་གྱི་སྒོའི་ནང་བླུགས་མ་ཐུབ་པས་སྤྱིའི་བསྡུར་གྲངས ༦ དང་ ༥ ཡི་ཐོག་ནས་རིལ་མ་རྡ་རི་རུ་ཁག་ལ་རྒྱལ་ཁ་ཐོབ་པ་དང་།  དེ་ནི་རུ་ཁག་དེས་ལོ་རྒྱུས་ཐོག་ཡོ་རོབ་ཀྱི་རྩེར་སོན་བུམ་པ་ལེན་ཐུབ་ཐེངས ༡༡ པ་དེ་རེད།།

  ༼  རྩོམ་བསྒྱུར་མིག་ཚེ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]