བོད་ཀྱི་ངོ་མཚར་ཚ་ཚའི་རིག་གནས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཚེ་གཡུས། ཚེ་སྒྲོན།      སྤེལ་དུས།   2017-04-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཚ་ཚ་དེ་བོད་གངས་ཅན་པའི་ཡུལ་དུ་དར་ནས་ཕལ་ཆེར་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན། ལྷ་ཁང་དང་དགོན་པའི་རྟེན་དུ་ཆོག་པ། ཡང་ན་ཐད་ཀར་ཆེད་དུ་ཚ་ཚ་བཞུགས་སའི་ཚ་ཁང་དང་ས་དགྲ་འགོག་སའི་རྟེན་དུ་བཀྲམ་པ་སོགས་བྱེད་ཀྱི་ཡོད། གང་ལྟར་ཚ་ཚ་དེ་ཕྱོགས་གང་ནས་ཀྱང་མཁོ་དགོས་ཆེ་བ་ཞིག་ཏུ་གྱུར་ནས་བོད་ཡུལ་འདི་ཚ་ཚ་མང་ཤོས་དང་ཚ་ཚའི་བཟོ་རྩལ་གྱི་ལག་རྩལ་མཐོ་ཤོས་ཞིག་ཏུ་ཆགས།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་དུ་གནས་པའི་ཚ་ཚའི་རིག་གནས་འགྲེམས་སྟོན་ཁང་དེ་རྒྱ་ཁྱོན་ཆེན་པོ་མེད་ཀྱང་།  ཚོན་མདོག་རྣམ་པར་བཀྲ་བ་དང་ལུགས་ཞིབ་ཚགས་བརྒྱབ་པའི་སྐུ་འདྲ་དང་མཆོད་རྟེན་སོགས་ཚ་ཚ་སྣ་ཁ་བརྒྱ་ཙམ་དང་ངོ་གྲངས་ཆིག་ཁྲི་ཙམ་ཡོད་པ་དེ་དག་གློག་སྒྲོན་འོག་བབ་ཆགས་ཤིང་བཀོད་པ་མཛེས་ལ་ཡིད་དུ་འོང་བ་ཞིག་ཡོད།

ཚ་ཁང་གི་ཚ་ཚ་ཆུང་ཤོས།

ཚ་ཁང་གི་ཚ་ཚ་ཆེ་ཤོས།

མངའ་རིས་ལས་ཐོན་པའི་ཚ་ཚ། 

ཚ་ཚར་སྤྱོད་པའི་ས་གནས་ཁག་གི་ཆུ།

འགྲེམས་སྟོན་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  ཚ་ཚའི་རིགས་ལ་དབྱེ་ན་འདམ་དང་རྫ།  རས།  ལྤགས་པ།  རུས་པ་སོགས་མང་པོ་དང་དབྱིབས་ལ་བུམ་པ་དང་མཆོད་རྟེན།  སྐུ་འདྲ་སོགས་ཡོད།  བཟོ་རྩལ་ལ་དབྱེ་ན་འཇམ་ཚ་དང་།  རླུང་ཚ།  ཆུ་ཚ།  སྨན་ཚ།  ཕྱག་ཚ་སོགས་ཁག་མང་པོ་ཡོད།  འགྲེམས་སྟོན་ཁང་གི་ཚ་ཚ་དེ་དག་གཙོ་བོ་གཞིས་རྩེ་དང་ལྷོ་ཁ་ནས་ཐོན་པ་ཞིག་ཡིན་ལ་ཁ་ཤས་མངའ་རིས་ཀྱི་ས་ཆ་ཁག་ནས་བསྡུ་རུབ་བྱས་པ་ཞིག་ཀྱང་ཡིན།  ཉར་ཚགས་བྱས་པའི་ཚ་ཚ་ཚང་མ་ལོ ༣༠༠ ཡན་དང་ཐ་ན་ལོ ༡༠༠༠ ཡན་གྱི་ལོ་རྒྱུས་ལྡན་ཡོད་པས།  ད་ལོ་ཚ་ཚ་དེ་ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ནང་ཚུད་ཡོད་པ་དང་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་ཚུད་ཐུབ་པའི་རེ་བ་ཡོད་ཅེས་གསུངས།།

ཚ་ཚར་སྤྱོད་པའི་སྨན་རྒྱུ།

སྒྲོམ་སྟེགས་ཐོག་བཏོན་པའི་སྐྱོན་མེད་ཚ་ཚའི་རིགས།

ཆེད་ཆུང་གྲས་ཀྱི་སྐུ་འདྲའི་ཚ་ཚ།

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]