ལྷ་མོའི་རིག་གནས་དར་བའི་དཔལ་ཡོན་གངས་ལྗོངས་ཡུལ་དུ་རྣམ་པར་བཞད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཚེ་སྒྲོན། ཚེ་གཡུས།      སྤེལ་དུས།   2017-05-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ཀྱི་ལྷ་མོའི་ཟློས་གར་ནི་བོད་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གནའ་བོའི་ཕུལ་བྱུང་གི་རིག་གནས་སྒྱུ་རྩལ་ཞིག་ཡིན་པས་རྒྱ་ཆེའི་བོད་རིགས་མི་དམངས་ཀྱིས་དགའ་ཞེན་དང་དག་སྣང་ཆེན་པོ་གནང་གི་ཡོད།  བོད་ཀྱི་ལྷ་མོའི་ཟློས་གར་རང་རྒྱལ་གྱི་བོད་ལྗོངས་དང་མཚོ་སྔོན་སོགས་སུ་དར་ཁྱབ་ཆེན་པོ་ཡོད་པ་མ་ཟད་བལ་པོ་ལ་སོགས་བོད་རིགས་ཡོད་སའི་རྒྱལ་ཁབ་གཞན་ལ་ཡང་དར་ཡོད།

 ལྷ་མོ༼དོན་ཡོད་དོན་གྲུབ༽

ལྔ་གཅིག་ངལ་གསོའི་རིང་།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་འོག་ལྷ་ས་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ནོར་བུ་གླིང་གར་ལྷ་མོ་འཁྲབ་སྟོན་བྱས་པ་མ་ཟད།  སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་ཁྲོད་སྣང་ཆེན་བཞི་དང་དགའ་ཞེན་བཞི་ཡི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་ཡང་མངོན་པར་བྱས་ཡོད།  དེ་ཡང་སྤྱི་ཟླ ༥ པའི་ཚེས ༡ ཉིན་ནས་ཚེས ༣ ཉིན་བར་ཉིན་ལྟར་སྔ་དྲོའི་ཆུ་ཚོད ༡༡ ཐོག་འཁྲབ་སྟོན་བྱས་པ་རེད།།

འཁྲབ་མཁན་གཟིགས་མཁན་ཕན་ཚུན་སྤེལ་རེས་ལས།  འཁྲབ་སྟོན་དེ་ནི་སྔར་བས་འཁྲུག་ཆ་དོད།

ཉམས་འགྱུར་སྟོང་གིས་ཕྱུག་པའི་འཁྲབ་རྩལ་གྱིས།  གཟིགས་མོ་བ་ཡི་ཡིད་དབང་རབ་ཏུ་འཕྲོག

རྔོན་པའི་འདོན་བཤད།

གཟིགས་མོའི་སྤྲོ་སྣང་ཡོངས་སུ་འཕེལ་བའི་ཆེད། རོལ་མོ་བ་ཡིས་དཀའ་ངལ་ཁྱད་དུ་བསད།

ལྷ་མོའི་སྒྱུ་རྩལ་རྒྱུད་འཛིན་འཁྲབ་སྟོན་གྱིས།  གངས་ལྗོངས་ཡུལ་དུ་རིག་གནས་དཔལ་ཡོན་དར།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]