ཏང་གི་ཚོགས་ཆེན་བཅུ་དགུ་པའི་བོད་སྐྱོད་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-11-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་།  སྤྱི་ཟླ ༡༡ པའི་ཚེས ༩ ཉིན་གྱི་ཕྱི་དྲོ།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་བོད་སྐྱོད་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ་རེད།  ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྒྱུར་བཅོས་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ།  རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྨུའུ་ཧུང་གིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་།  ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གཙོ་དོན་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་འབྲེལ་བའི་ཞི་ཅིན་ཕིང་གི་དགོངས་པ་སོགས་ཕྱོགས་བརྒྱད་ཐད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་ཆ་ཚང་བ་དང་ཕྱོགས་ཡོངས།  གཏིང་ཟབ་པ་བཅས་ཀྱི་སྒོ་ནས་གསལ་འགྲེལ་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་དབུ་ཁྲིད་ཆེ་དགྲ་ལྷ་དང་ཏིང་གཡས་ཤན།  ཀྲོང་ཡན།  ནོར་བུ་དོན་གྲུབ།  བསྟན་གོ  ཙེང་ཝན་མིང་།  སྤེན་པ་བཀྲ་ཤིས།  ཧོ་ཝུན་ཧའོ།  པད་མ་དབང་འདུས་བཅས་ཚོགས་འདུར་ཕེབས་ཡོད།།

  ༼  ནོར་བུས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]