བོད་ལྗོངས་ནས་གསོ་སྐྱོང་ཐུབ་པའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཁག་དང་པོ་སློབ་ཐོན་བྱུང་བ།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-11-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༠ ཉིན་བོད་ལྗོངས་སློབ་ཆེན་གྱིས་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་ཐོན་མཛད་སྒོ་སྐབས་དང་པོ་འཚོགས་ནས་སློབ་ཐོན་པ་བཞིར་འབུམ་རམས་པའི་ཡོན་ཚད་སྤྲད་པ་རེད།  འབུམ་རམས་པའི་ཞིབ་འཇུག་སློབ་མ་བཞི་པོ་དེ་དག་གི་ཆེད་ལས་ནི་བོད་རིགས་ཀྱི་ལོ་རྒྱུས་ཆེད་ལས་དང་བོད་སྐད་ཡིག་རྩོམ་རིག་ཆེད་ལས།  ས་མཐོའི་གསོ་རིག་ཆེད་ལས་བཅས་ཡིན་པ་དང་རང་ལྗོངས་ཀྱིས་གསོ་སྐྱོང་བྱས་པའི་འབུམ་རམས་པ་ཁག་དང་པོ་དག་ཡིན།
བོད་རིགས་ལོ་རྒྱུས་ཞིབ་འཇུག་བྱེད་མཁན་བསོད་ནམས་ཚེ་རིང་ནས།  བོད་རང་ནས་གསོ་སྐྱོང་ཐུབ་པའི་འབུམ་རམས་པའི་སློབ་མ་ཁག་དང་པོའི་གྲས་ཤིག་གི་ངོས་ནས་བརྗོད་ན།  ཏང་དང་རྒྱལ་ཁབ་ཀྱིས་བཏོན་གནང་བའི་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་བཟང་པོའི་འོག  རང་ཉིད་ནས་ཀྱང་གོ་སྐབས་འཕྲོ་བརླག་ཏུ་མ་བཏང་བར་སློབ་སྦྱོང་ཧུར་ཐག་བྱས་ནས་གྲུབ་འབྲས་ཐོན་པར་སེམས་གཏིང་ནས་བཀའ་དྲིན་ཆེན་པོ་ཚོར་གྱི་འདུག་ཅེས་གསུངས།།  


བརྩོན་འགྲུས་རྟ་ཕོ་ལྕགས་ཀྱིས་སྐུལ་གྱུར་ནས། འབུམ་རམས་པ་ཡི་ཡོན་ཚད་ཕྱོགས་སུ་སླེབས།

  ༼  ནོར་བུས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]