ལྷོ་ཁའི་མི་བཟོས་ནགས་ཚལ་སྐྱེ་ཁམས་ཁུལ་དེ་རི་འཁྱར་སྲོག་ཆགས་ཀྱི་དགུན་སྒྲོལ་བསྟི་གནས་སུ་གྱུར།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-01-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དགུན་ཁ་ཤར་བ་ནས་བཟུང་ཤྭ་བ་སེར་ཆེན་དང་གནའ་སོགས་རི་འཁྱར་སྲོག་ཆགས་དང་བྱ་རིགས་མང་པོ་ཞིག་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་གཙང་པོའི་ལྷོ་ངོས་ཀྱི་སྣེ་གདོང་ཆུས་རྩེ་ཐང་གྲོང་རྡལ་རྩེ་ཐང་སྡེ་ཁུལ་དུ་སྐྲུན་པའི་མི་བཟོས་ནགས་ཚལ་སྐྱེ་ཁམས་སྲུང་སྐྱོང་ཁུལ་ནང་དགུན་སྒྲོལ་བྱེད་པར་སླེབས་ཡོད།  ངོ་སྤྲོད་བྱས་པར་གཞིགས་ན།  ས་གནས་དེ་གའི་མི་བཟོས་ནགས་ཚལ་སྐྱེ་ཁམས་ཁུལ་དེ་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་མུའུ ༥༠༠ ནས་ད་ཆ་མུའུ ༡༠༢༠༠ བར་རྒྱ་བསྐྱེད་དུ་ཕྱིན་ཡོད་པ་དང་།  མུའུ་ཁྲི་ཟིན་པའི་མི་བཟོས་ནགས་ཚལ་དེས་བྱེ་འགོག་རླུང་འཇག་གི་ནུས་པ་ཐོན་པ་དང་དུས་མཚུངས་རི་འཁྱར་སྲོག་ཆགས་རྣམས་ལ་ཡང་དགུན་སྒྲོལ་གྱི་བསྟི་གནས་ཞིག་སྐྲུན་ཡོད།།


མི་བཟོས་ནགས་ཚལ་སྐྱེ་ཁམས་ཁུལ་འདི་ཉིད། ཤྭ་བ་སེར་ཆེན་དགུན་སྒྲོལ་གནས་སུ་གྱུར།

ཆུ་བྱ་རང་དགར་རྩེད་འཇོར་རོལ་བཞིན་དུ། སྐྱེ་ཁམས་ཁུལ་ལ་བསྟོད་པའི་མགྲིན་དབྱངས་ལེན།

མི་བཟོས་ནགས་ཚལ་སྐྱེ་ཁམས་ཁུལ་དེ་ལས། འབྱུང་ཁམས་ཁོར་ཡུག་སྐྲུན་ཤུཌ་ལེཌ་པར་མངོན།

  ༼  ནོར་བུས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]