ཆབ་མདོ་གྲོང་ཁྱེར་དུ་རིམ་མཐོའི་གཞུང་ལམ་ཐོག་མ་དེ་འཛུགས་སྐྲུན་བྱེད་འགོ་ཚུགས།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-03-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༩ ཉིན།  རྒྱལ་ལམ ༢༡༤ ཡི་ཆབ་མདོ་གྲོང་ཁྱེར་ནས་སྤང་མདའ་གནམ་གྲུ་ཐང་བར་གྱི་དུས་ཁག་དང་པོའི་རིམ་མཐོའི་གཞུང་ལམ་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད།  དེ་ནི་ཆབ་མདོ་གྲོང་ཁྱེར་དུ་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་བྱེད་ཐེངས་ཐོག་མ་དེ་ཡིན་ལ་བོད་ལྗོངས་སུ་འཛུགས་སྐྲུན་བྱེད་པའི་རིམ་མཐོའི་གཞུང་ལམ་གྱི་ལས་གྲྭ་ཁག་བརྒྱད་པ་དེ་ཡང་ཡིན།
མཐོ་ཚད་རྒྱ་མཚོའི་ངོས་ལས་སྨིད ༤༣༣༤ ཡོད་པའི་སྤང་མདའ་གནམ་གྲུ་ཐང་ནི་རང་ལྗོངས་ཀྱི་ས་འབབ་མཐོ་ཤོས་ཀྱི་གནམ་གྲུ་ཐང་ཞིག་ཡིན།  ཆབ་མདོ་གྲོང་ཁྱེར་ནས་སྤང་མདའ་གནམ་གྲུ་ཐང་བར་གྱི་དུས་ཁག་དང་པོའི་རིམ་མཐོའི་གཞུང་ལམ་དུམ་བུའི་རིང་ཚད་ལ་སྤྱི་ལེ ༢༦.༩ ཡོད་པ་དང་།  གཞུང་ལམ་ཐོག་འཁོར་རིགས་ཀྱིས་ཆུ་ཚོད་རེར་སྤྱི་ལེ ༨༠ འགྲོ་སྐྱོད་ཐུབ་པར་ཇུས་འགོད་བྱས་ཡོད་པ་དང་ལས་གྲྭ་དེ་ཟླ་བ་ཉི་ཤུ་རྩ་བཞིའི་ནང་མཇུག་སྒྲིལ་རྒྱུའི་འཆར་གཞི་བཀོད་ཡོད།།

  ༼  ནོར་བུས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]