བོད་ལྗོངས་སློབ་ཆེན་གྱི་རིག་དེབ་དེ་སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་རྩེར་སོན་ཚགས་པར་དང་དུས་དེབ་བརྒྱའི་ནང་ཚུད།

ཡོང་ཁུངས།   བོད་ལྗོངས་སློབ་ཆེན་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-03-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཉེ་དུས་ཁྱབ་བསྒྲགས་བྱས་པའི་སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་རྩེར་སོན་ཚགས་པར་དང་དུས་དེབ་བརྒྱ་འོས་སྦྱོར་བྱས་པའི་གྲུབ་འབྲས་ཁྲོད།  བོད་ལྗོངས་སློབ་ཆེན་གྱི་རིག་དེབ་དེ་རྩེར་སོན་དུས་དེབ་བརྒྱའི་ཁྲོད་ཀྱི་སྤྱི་ཚོགས་ཚན་རིག་གི་རྩེར་སོན་དུས་དེབ་གྲས་སུ་བདམས་ཐོན་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  བོད་ལྗོངས་སློབ་ཆེན་གྱི་རིག་དེབ་ནི་སྤྱི་ལོ ༡༩༨༦ ལོ་ནས་བཏོན་པ་ཞིག་ཡིན་ཞིང་།  དེ་ནི་བོད་ལྗོངས་སློབ་ཆེན་གྱིས་གཙོ་གཉེར་བྱས་པའི་རིག་གཞུང་གི་དུས་དེབ་ཞིག་ཡིན།  རིག་དེབ་དེར་སྤྱི་ཚོགས་ཚན་རིག་པར་གཞི་དང་རང་བྱུང་ཚན་རིག་པར་གཞི་ཁག་གཉིས་ཡོད།  བོད་ལྗོངས་སློབ་ཆེན་གྱི་སློབ་གཉེར་ཕྱོགས་བསྡུས་ནུས་པ་དང་བོད་ཀྱི་རིག་གནས་དར་རྒྱས་ཤུགས་ཆེ་འགྲོ་བ་དང་བསྟུན་ནས།  བོད་ལྗོངས་སློབ་ཆེན་གྱི་རིག་དེབ་དེར་ཡང་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་ཆེན་པོ་ཐོབ་ནས་དུས་དེབ་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།  སྤྱི་ལོ ༢༠༠༦ ལོ་ནས་བཟུང་སྔ་རྗེས་སུ་བྱ་དགའ་ཁག ༢༠ ཙམ་ཐོབ་པ་དེས་བོད་ལྗོངས་སློབ་ཆེན་གྱི་རིག་ཚན་འཛུགས་སྐྲུན་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུའི་ནུས་པ་ཆེན་པོ་ཐོན་ཡོད།།

  ༼  ནོར་བུས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]