ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   དོན་གྲུབ་ཚེ་རིང་། བསོད་ནམས་ཉི་མ།      སྤེལ་དུས།   2018-03-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཁོར་ཡུག་སྔོ་ལྗང་ཡོང་རེའི་ཕྱིར། རྩ་བ་བརྟན་པའི་ཤིང་གསོན་བཏབས།

ད་ལོའི་སྤྱི་ཟླ་གསུམ་པའི་ཚེས ༡༢ ཉིན་ནི་རྒྱལ་ཡོངས་ཀྱི་ཤིང་འཛུགས་དུས་ཆེན་ཐེངས་བཞི་བཅུ་པ་དེ་ཡིན།  དེ་ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྣེ་འཁྲིད་འོག་ཚན་པ་མི་འདྲ་བ ༣༨ ནས་ཡོང་བའི་མི་གྲངས ༣༨༧ གྱིས་ཁྲེང་ཀོན་ཆུས་དོག་སྡེ་ཤང་ཁོངས་ཀྱི་དོག་སྡེའི་ཕུར་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཡོད།

ལྕང་ཆུ་དང་པོ་བུ་ཆུང་ང་རས་བཏང་། མ་འོངས་ཕྱོགས་སུ་མཉམ་དུ་འཚར་ལོང་བྱེད།

འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ཡུལ་དུ།  ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་པ་དང་སློབ་གྲྭའི་དགེ་སློབ་སོགས་ཚང་མས་ངར་ཤུགས་འཕེལ་བའི་སྒོ་ནས་ཆུ་ཚོད་གསུམ་ལྷག་ཙམ་རིང་ལྕང་ཁུང་འདྲུ་བ་དང་ལྕང་གསོན་འཛུགས་པ།  ས་གཡོག་པ།  ཆུ་རྒྱག་པ་སོགས་ཀྱི་ལས་ལ་བྲེལ་རྗེས་དེ་ཁུལ་དུ་ཤིང་རྐང་ ༣༠༩༦ བཏབས་པས་སྔོ་ལྗང་མཛེས་ལྗོངས་སྐྲུན་ཐུབ་རྒྱུར་ལེགས་སྐྱེས་གསར་པ་འཕུལ་ཡོད།།

ཤིང་འཛུགས་ལས་ཀ་དཀའ་ལས་ཁག་ན་ཡང་། དོན་སྙིང་ཆེ་བས་ཁོ་ཤོར་ང་ཤོར་རེད།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]