ལྷོ་པ་བའི་གདོད་མའི་གནའ་ཉམས་ལྡན་པའི་ཞབས་བྲོ་བྱ་བསེ་རུའི་བྲོ་གར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧེ་ཤི་ཡན།      སྤེལ་དུས།   2018-05-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷོ་པ་རིགས་ནི་ཀྲུང་གོའི་གནའ་བོའི་མི་རིགས་ཀྱི་གྲས་ཤིག་ཡིན་ཏེ་གཙོ་བོ་ཉིང་ཁྲིའི་མེ་ཏོག་རྫོང་དང་སྨན་གླིང་།  རྫ་ཡུལ་དང་ལྷོ་ཁའི་ལྷུན་རྩེ་རྫོང་སོགས་སུ་འཚོ་སྡོད་བྱེད་ཀྱི་ཡོད།  སོ་སོའི་སྐད་ཡོད་ཀྱང་ཡི་གེ་མེད་པས་ཕ་མེས་ནས་ངག་རྒྱུན་ལ་བརྟེན་ཏེ་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བཞིན་ཡོད།  

ཉེ་དུས་མདོ་ཡུལ་གྲོང་ཚོའི་ཐང་ཆེན་ཐོག་གདོད་མའི་གནའ་ཉམས་ལྡན་པའི་ཞབས་བྲོ་བྱ་བསེ་རུའི་བྲོ་གར་ཞེས་པ་འཁྲབ་སྟོན་བྱས་པ་རེད།  བྱ་བསེ་རུ་ནི་ལྷོ་པའི་དམངས་ཁྲོད་ངག་རྒྱུན་ཁྲོད་ཀྱི་ལྷ་བྱ་ཞིག་ཡིན་པ་དང་།  སྤྱི་ལོ ༢༠༡༤ ལོར་ས་གནས་དེ་གའི་སྲིད་གཞུང་གིས་ངག་རྒྱུན་གཞི་ཁུངས་སུ་འཛིན་ནས་ལྷོ་པ་བས་རྔོན་རྒྱག་པ་དང་སོ་ནམ་འདེབས་འཛུགས་སོགས་ཀྱི་རིག་གནས་བྲོ་གར་དེའི་ནང་མཉམ་བསྡུས་བྱས་ནས།  དུས་ཡུན་ཟླ་བ་གཉིས་ཙམ་ལེགས་སྒྲིག་བཟོ་བཅོས་བྱས་པ་བརྒྱུད་བྱ་བསེ་རུའི་བྲོ་གར་ཞེས་གདོད་མའི་གནའ་ཉམས་ལྡན་པའི་ཞབས་བྲོ་དེ་ལེགས་གྲུབ་བྱུང་བ་རེད།  ས་གནས་དེ་གའི་གྲོང་མི ༤༠ ཡིས་གླུ་ལེན་གར་འཁྲབ་བྱས་པའི་ཐོག་ནས་ལྷོ་པ་རིགས་ཀྱི་མི་དམངས་ཚོའི་ངལ་རྩོལ་དང་འཚོ་བའི་མྱོང་ཤེས་མཚོན་པར་བྱས་ཡོད།།

གསོན་ཉམས་དོད་པའི་འཁྲབ་སྟོན་ལས། བྱ་ཡིས་ནམ་འཕང་སྤྱོད་པར་མཉམ།

  ༼  རྩོམ་སྒྲིག་ཚེ་གཡུས། ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]