མེ་ཏོག་རྫོང་གིས་ཕྱིར་ལོག་ཡུལ་མིར་བཀོད་སྒྲིག་ཁུལ་འཛུཌ་སྐྲུན་བྱས།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-05-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བདེ་སྐྱིད་འཚོ་བར་རོལ་བའི་དགའ་སྤྲོའི་ཁྲོད། ཏང་གི་བཀའ་དྲིན་ཡང་ཡང་བློ་ལ་འཆར།

ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་བསམ་འདྲེན་ཁ་གྲོང་ཚོའི་གྲོང་མི་རྣམས་དེ་སྔོན་རང་བྱུང་ཆ་རྐྱེན་ཞན་པ་དང་ཐོན་སྐྱེད་རྒྱུ་ཆ་དཀོན་པ།  འགྲིམ་འགྲུལ་སྟབས་བདེ་མེད་པ་སོགས་ཀྱི་རྐྱེན་པས་ཡུན་རིང་རང་ཡུལ་དང་ཁ་བྲལ་ནས་ས་ཆ་གཞན་དུ་ཡོང་འབབ་གསོག་པར་འགྲོ་དགོས་པ་སོགས་ཀྱི་གནས་སུ་གྱར་ཡོད།  ཉེ་བའི་ལོའི་རིང་མེ་ཏོག་དུ་གཞུང་ལམ་ཤར་གཏོང་ཐུབ་པ་བསྟུན་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཕྱིན་ཏེ།  དེ་སྔོན་ས་ཆ་དེ་ནས་སྤོས་ཟིན་པའི་མང་ཚོགས་ཚོ་ཕྱིར་ལོག་བྱེད་པའི་འདུན་པ་ཇེ་ཆེར་ཕྱིན་པར་དམིགས་ནས།  མེ་ཏོག་རྫོང་གིས་མ་དངུལ་སྒོར་ཁྲི ༧༠༠༠ ལྷག་ཙམ་སྤྱད་དེ་ཕྱིར་ལོག་ཡུལ་མིའི་བཀོད་སྒྲིག་ཁུལ་བསྐྲུན་པ་མ་ཟད།  ད་དུང་བོད་ཕག་གསོ་ཚགས་དང་དྲོད་ཁང་ནང་སྔོ་ཚལ་འདེབས་འཛུགས།  ཇ་ལོ་འདེབས་འཛུགས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བས།  ཕྱིར་ལོག་བྱེད་མཁན་དུད་ཁྱིམ ༣༢༨ ཀྱི་མང་ཚོགས་ཚོ་ས་ཆ་གཞན་ལ་འགྲོ་མི་དགོས་པར་རང་ཡུལ་དུ་ལས་ཞུགས་ཐུབ་པ་བྱུང་སྟེ།  བླ་ན་མེད་པའི་རྒྱལ་ཁོངས་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཏུ་གྱུར་ཡོད།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]