རིག་གནས་རྒྱུན་འཛིན་བྱེད་རྒྱུ་བྱིས་པ་ནས་འགོ་བཙུགས་དགོས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཀོ་ཀོ།      སྤེལ་དུས།   2018-06-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༦ པའི་ཚེས ༨ ཉིན་གྱི་སྔ་དྲོ།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་གིས་སྤྱི་ལོ ༢༠༡༨ ལོའི་ཤུལ་བཞག་རིག་གནས་ཉིན་མོ་གོ་སྐབས་སུ་བྱས་ཏེ་ཁྲེང་ཀོན་ཆུས་གྲྭ་བཞི་སྐད་གཉིས་བུ་བཅོལ་ཁང་དུ་རིག་གནས་རྒྱུན་འཛིན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡོད།

བྱེད་སྒོ་དེས་གྲྭ་བཞི་སྐད་གཉིས་བུ་བཅོལ་ཁང་གི་བྱིས་པ་ཚོར་བོད་རིགས་ཀྱི་སྲོལ་རྒྱུན་བྱིས་གླུའི་བརྙན་ཕབ་སྤྲད་པ་དང་བོད་ཀྱི་སྲོལ་རྒྱུན་བྱིས་གླུ་བརྒྱུད་གཏོང་སོགས་ཀྱི་བྱ་ཐབས་བརྒྱུད།  བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་བོད་རིགས་ཀྱི་སྲོལ་རྒྱུན་བྱིས་གླུ་རྒྱུན་འཛིན་བྱེད་པའི་རྣམ་པ་བཟང་པོ་མངོན་པར་བྱས་ཡོད།

བོད་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་ཟོའོ་ཡི་ཟོའོ་ཀྲང་གཞོན་པ་ངག་དབང་བསྟན་འཛིན་ནས།  བོད་རིགས་ཀྱི་སྲོལ་རྒྱུན་བྱིས་གླུ་ནི་ཀྲུང་ཧྭ་མི་རིགས་རིག་གནས་བང་མཛོད་ནང་གི་མུ་ཏིག་ལྷ་བུ་ཞིག་ཡིན་པ་དང་དེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ཁག་གསུམ་པའི་ནང་ཚུད་ཡོད།  ཚིག་ཉུང་ཞིང་གོ་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པས་དེ་དག་འགུལ་རིས་དང་རྩེད་ཆས་ཀྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་རེད་ཅེས་གསུངས།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]