དགེ་འདུན་ཆོས་འཕེལ་དྲན་གསོ་ཁང་།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཚེ་སྒྲོན། ཚེ་གཡུས།      སྤེལ་དུས།   2018-07-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དགེ་འདུན་ཆོས་འཕེལ་ནི་དུས་རབས་ཉི་ཤུའི་རྒྱལ་གཅེས་རིང་ལུགས་པ་རྣམ་དག་ཞིག་དང་།  བོད་རིགས་ཀྱི་ཁྱད་དུ་འཕགས་པའི་སྙན་ངག་པ་དང་ལོ་ཙཱ་བ།  བསམ་བློའི་བློ་འབྱེད་མཁས་པ།  དེང་རབས་རི་མོའི་སྲོལ་འབྱེད་པ།  ཉེ་རབས་ཚན་རིག་གི་རྟོག་ཞིབ་མཁན་ཅན་སོགས་ཡིན།  དགེ་འདུན་ཆོས་འཕེལ་ཡུན་ཐུང་གི་མི་ཚེའི་ནང་བརྩམས་ཆོས་ཕུན་སུམ་ཚོགས་ལ་དེ་སྔ་བྱུང་མྱོང་མེད་པའི་རིག་གཞུང་གི་ཁྱབ་ཁོངས་དུ་མ་གསར་གཏོད་གནང་ཡོད།  ད་ལྟ་གསར་དུ་རྙེད་པའི་དཔེ་དེབ་དང་དཔྱད་གཞིའི་ཡིག་ཆའི་ཁྲོད་གསར་རྩོམ།  ཡིག་བསྒྱུར།  རིག་གཞུང་དཔྱད་བརྗོད།  སྙན་ངག་ལྷུག་རྩོམ།  དེ་བཞིན་ལོ་རྒྱུས་དང་མཚན་ཉིད་རིག་པ།  དམངས་སྲོལ་རིག་པ་སོགས་ལ་ཁྱད་དུ་འཕགས་པའི་གྲུབ་འབྲས་ཐོབ་ཡོད།

གཞིས་ཁང་འདི་ནི་ཁོང་སྐུ་མ་གཤེགས་གོང་དངོས་སུ་འཚོ་ཞུགས་གནང་ས་ཡིན་པ་དང་དེར་དྲན་གསོ་ཁང་བསྐྲུན་པ་ནི།  གཟིགས་སྐོར་བ་རྣམས་ཀྱིས་དེ་བས་ཕྱོགས་ཡོངས་ནས་ཁོང་གི་མཛད་འཕྲིན་དང་ཁྱད་དུ་འཕགས་པའི་མི་ཆོས་རིང་ལུགས་ཀྱི་སྔོན་བྱོན་པ།  རིག་ལམ་མཁས་དབང་ལ་དྲན་གསོ་ཞུས་པ་མ་ཟད།  ཁོང་གིས་རིག་གཞུང་ཁྱབ་ཁོངས་སུ་གསར་གཏོད་གནང་བའི་བྱས་རྗེས་རླབས་ཆེན་དེ་མིའི་རིགས་ཀྱི་རླབས་རྒྱུན་རིང་མོའི་ཁྲོད་ནམ་ཡང་འོད་ཆེམ་ཆེམ་དུ་འཕྲོ་བའི་ཆེད་དུ་རེད།

ཚེ་བུམ།  དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་ཙམ།  ཟངས།  དགེ་འདུན་ཆོས་འཕེལ་གྱིས་ན་གཞོན་སྐབས་སུ་ཇུས་འགོད་གནང་ནས་བཟོས།  སྟེང་དུ་ཁ་འབྱེད་ཟུམ་ཐུབ་པའི་མེ་ཏོག་པད་མ་ཡོད་པ་དང་དེའི་དབུས་སུ་ཚེ་དཔག་མེད་ཀྱི་སྐུ་འདྲ་བཞུགས་ཡོད།

དགེ་འདུན་ཆོས་འཕེལ་ལ་དྲན་གསོ་ཞུ་ཆེད་ད་དུང་དགེ་འདུན་ཆོས་འཕེལ་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་བཙུགས་ཡོད་པ་དང་དེ་ནི་བོད་ཀྱི་ས་གནས་དེ་གའི་སྒྱུ་རྩལ་མཁས་ཅན་ཚོས་མ་དངུལ་རང་གྲབས་བྱས་ནས་བསྐྲུན་པའི་རིག་གནས་མཉམ་ལས་ཀྱི་ཁེ་སྤོགས་རང་བཞིན་མིན་པའི་སྒྱུ་རྩལ་ཁང་ཞིག་རེད།  དེ་བསྐྲུན་པའི་དམིགས་ཡུལ་ནི་བོད་ཀྱི་དེང་རབས་སྒྱུ་རྩལ་འོས་སྦྱོར་དང་སྤེལ་རེས་བྱེད་པའི་སྟེགས་བུ་ཞིག་གཏོད་ཆེད་རེད།  འགྲེམས་སྟོན་ཁང་ནང་བརྩམས་ཆོས་མི་ཉུང་བ་ཞིག་ཡོད་པ་དང་དེའི་ཁྲོད་རྒྱུད་བཞི་དང་སྣུམ་རིས་ལ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]