༢༠༡༨ལོར་ལྷ་ས་འགག་སྒོས་ལྐོག་འདྲེན་ནག་ཚོང་ལ་རྡུང་རྡེག་བཏང་བར་གྲུབ་འབྲས་ཆེན་པོ་ཐོན།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-07-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༨ ལོར་ལྷ་ས་འགག་སྒོས་ཀྲུང་དབྱང་ནས་དགོངས་བཞེས་དང་སྤྱི་ཚོགས་ཀྱིས་དོ་འཁུར། མང་ཚོགས་ཀྱིས་དོ་སྣང་བཅས་བྱེད་སའི་ལྐོག་འདྲེན་ནག་ཚོང་གི་གནད་དོན་ཚབ་ཆེན་ལ་དམིགས་པ་དང་།  རང་ལྗོངས་ཀྱི་དོན་དངོས་གནད་དོན་ལ་གཞིགས་ཐོག  ཆེད་ལས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་དང་རང་ལྗོངས་སུ་ལྐོག་འདྲེན་ནག་ཚོང་བྱེད་ཚུལ་ལ་དབྱེ་ཞིབ།  བཀོད་སྒྲིག་ཚགས་ཚུད་པོ་བཅས་བྱས་ཏེ།  མེ་མདའ་བསྡུ་འཕྲོག་དང་ཟོགས་སྙིགས་དབོར་ཡོང་བ་སོགས་ལྐོག་འདྲེན་ནག་ཚོང་གི་རིགས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་དང་མཉམ་འབྲེལ་གྱི་བྱ་སྤྱོད་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ།  བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད།
ལོ་སྟོད་དུ་ལྷ་ས་འགག་སྒོས་སྲིད་འཛིན་གྱོད་གཞི་ལྔ་བདག་སྤྲོད་བྱས་པའི་ཉེས་འབྲེལ་དངུལ་གྲངས་སྒོར་ཁྲི ༥༤.༢༤ ཟིན་པ་དང་།  ཉེས་དོན་གྱོད་གཞི་བདུན་བདག་སྤྲོད་བྱས་པའི་ཉེས་འབྲེལ་དངུལ་གྲངས་སྒོར་ཁྲི ༩༦༡.༣༤ ཟིན་ཡོད་ལ།  སྨན་བཅོས་ཡོ་བྱད་ནང་འདྲེན་དང་མཛོད་ཉར།  འཐུམ་སྒྲིལ་བརྗེ་བ།  དབོར་སྐྱེལ།  ཕྱིར་ཚོང་སོགས་གཞི་གཅིག་ཏུ་འདུས་པའི་ལྐོག་འདྲེན་ནག་ཚོང་གི་རྒྱུད་ལམ་གཉིས་གཏོར་བ་དང་།  རྩ་ཆེའི་ལྕགས་རིགས་ལྐོག་འདྲེན་ནག་ཚོང་གི་གྱོད་གཞི་ཁག་ལྔ་བདག་སྤྲོད་བྱས་པའི་ནང་གསེར་སྤྱི་རྒྱ ༢༨.༤༩ རྩད་གཅོད་ཐུབ་པའི་རིན་གོང་སྒོར་ཁྲི ༨༦༠.༦༢ ཟིན་ཞིང་ཉེས་གསོགས་དོགས་ཅན་དགུ་འཛིན་བཟུང་བྱས་པས།  ལྐོག་འདྲེན་ནག་ཚོང་གི་བྱ་སྤྱོད་ཟིལ་གྱིས་བསྣན་པ་དང་ཆབས་ཅིག་མཐའ་མཚམས་ཀྱི་ཉོ་ཚོང་སྒྲིག་ལམ་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད།
དེས་མ་ཚད་ལྷ་ས་འགག་སྒོས་སྟོང་ཉེར་ཡོད་པའི་སྲོག་ཆགས་དང་རྩི་ཤིང་།  དེ་བཞིན་དེ་དག་ལས་བཟོས་པའི་དངོས་རིགས།  གོ་མཚོན་རྫས་མདེལ།  འབར་གས་དངོས་རིགས།  རྫས་འགྱུར་དང་དངོས་ཁམས་ཀྱི་དུག་ལྡན་དངོས་རིགས་སོགས་ལ་ཞིབ་བཤེར་ནན་པོ་བྱས་ནས།  བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གནོད་པའི་དངོས་རིགས་དང་དྲིལ་བསྒྲགས་དངོས་པོ་རང་ལྗོངས་སུ་སིམ་འཛུལ་བྱེད་རྒྱུ་ཚོད་འཛིན་ནན་པོ་ཐུབ་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་།  བོད་ཀྱི་སྤྱི་ཚོགས་དང་རིག་གནས།  དཔལ་འབྱོར་སོགས་ཕྱོགས་གང་ཅིའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།།

 

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]