ཞོ་སྟོན་སླེབས་ལ་ཉེ་བས་རང་ལྗོངས་སུ་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་སོང་བ།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-08-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༨ པ་ཤར་ཚུན།  རང་ལྗོངས་ཀྱི་ས་ཕྱོགས་གང་སར་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གཅིག་མཇུག་གཉིས་མཐུད་ངང་གཏོང་འགོ་ཚུགས་པ་དང་།  ལྷག་པར་དུ་ཞོ་སྟོན་སླེབས་ལ་ཉེ་བའི་མཚམས་འདིར་བོད་དུ་ཡོང་མཁན་ཡུལ་སྐོར་བ་རིམ་བཞིན་ཇེ་མང་དུ་སོང་ནས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བཞིན་ཡོད།
ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་བསྡོམས་རྩིས་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  ད་ལོའི་ལོ་སྟོད་དུ་རིམ་རྩིས་བྱས་ན་རང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་ཚོ ༡༡༡༥.༦༡ ལ་སྣེ་ལེན་ཞུས་པ་དེ།  ན་ནིང་གི་དུས་མཚུངས་པ་དང་བསྡུར་ན་མི་ཐེངས་ཁྲི་ཚོ ༣༠༠ ཡིས་མང་བ་ཡོད་པ་དང་བརྒྱ་ཆ ༢༦.༦ འཕར་ཡོད།  ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར ༡༢༤.༦༨ ཟིན་པ་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ ༣༤.༧ འཕར་ཡོད།།


བཀོད་ལེགས་མཚར་དུ་མངར་བའི་ཕོ་བྲང་བརྗིད་ཉམས་ལ། མིག་ལྡན་སྐྱེ་འགྲོའི་ཡིད་དབང་མ་འགུག་ག་ལ་སྲིད།
ལོ་ངོ་སྟོང་གི་ལོ་རྒྱུས་འདས་ཟིན་ཡང་། ཕོ་བྲང་བརྗིད་ཉམས་སྔར་བཞིན་འགྱིང་ངེར་གནས།

  ༼  ནོར་བུས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]