ད་ལོའི་རྒྱལ་ཡོངས་གཉིས་གཏོད་གཟའ་འཁོར་བྱེད་སྒོའི་བོད་ལྗོངས་ཡན་ལག་ཚོགས་རའི་བྱེད་སྒོ་སྤེལ་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-10-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

  

རྒྱལ་ཡོངས་མི་དམངས་ཀྱིས་བྱ་གཞག་གཏོད་པ་དང་གསར་གཏོད་བྱེད་ཅེས་པའི་སྤྱི་ལོ ༢༠༡༨ ལོའི་གཉིས་གཏོད་གཟའ་འཁོར་བྱེད་སྒོའི་བོད་ལྗོངས་ཡན་ལག་ཚོགས་རའི་བྱེད་སྒོ་འགོ་ཚུགས་པའི་མཛད་སྒོ་སྤྱི་ཚེས ༩ ཉིན་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཐང་ཆེན་དུ་གཉེར་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  རྒྱལ་ཡོངས་ཀྱི་གཉིས་གཏོད་གཟའ་འཁོར་བྱེད་སྒོ་དེ་སྤྱི་ལོ ༢༠༡༥ ལོར་སྤེལ་འགོ་ཚུགས་ཚུན་ལོ་ལྟར་ཐེངས་རེ་གཉེར་གྱི་ཡོད།  ད་ལོ་རང་ལྗོངས་ཀྱི་ཡན་ལག་ཚོགས་རའི་བྱེད་སྒོ་འདི་སྤྱི་ཚེས ༩ ཉིན་འགོ་ཚུགས་པ་དང་འདི་ཟླའི་སྤྱི་ཚེས ༡༥ ཉིན་བར་རྒྱུན་མཐུད་སྤེལ་རྒྱུ་རེད།  དེའི་རིང་ལྗོངས་ཡོངས་ཀྱི་གཉིས་གཏོད་བྱེད་སྒོར་ཐོབ་པའི་གྲུབ་འབྲས་འགྲེམས་སྟོན་གཙོ་བོར་བྱེད་རྒྱུ་རེད་ལ།  དཔེ་མཚོན་དང་དམིགས་བསལ་གྱི་གཉིས་གཏོད་འབྲས་བུ་ཡོངས་འགྲེམས་དང་།  གསར་གཏོད་ལས་གནས།  གཉིས་གཏོད་ཚོང་ཟོག་འགྲེམས་ཚོང་།  སློབ་ཆེན་ཐོན་མཁན་ལ་དམིགས་པའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སློབ་གྲྭར་སྤེལ་ཞེས་པ་སོགས་བྱེད་སྒོ་མི་འདྲ་བ་ཁག་བཅུ་གྲངས་ཀྱང་སྤེལ་རྒྱུ་རེད།

ཉེ་བའི་ལོའི་རིང་།  རང་ལྗོངས་ཀྱིས་གཉིས་གཏོད་ལས་ཀར་ཚད་མཐོའི་མཐོང་ཆེན་དང་།  གཉིས་གཏོད་ལས་ཀར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ཇུས་ཆེན་ལག་བསྟར་མཐར་ཕྱིན་བྱས་པས།  རང་ལྗོངས་ཀྱི་གཉིས་གཏོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་།  གཉིས་གཏོད་ཀྱི་ཆ་རྐྱེན་འཛོམས་ལ་དེའི་ནང་ཞུགས་མཁན་ཚོའི་སྤྲོ་བ་ཡང་ཆེས་ཆེར་འཕེལ་ཏེ།  གཉིས་གཏོད་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ཡོད།  ད་བར།  རང་ལྗོངས་སུ་ཚན་རྩལ་ཁེ་ལས་གཉེར་སྐྱོང་ཚན་པ་ལྔ་དང་དམངས་གཏོད་ཚན་པ ༢༧ ཐོན་ཡོད་པ་མ་ཟད།  བོད་ལྗོངས་མི་རིགས་སློབ་ཆེན་དང་བོད་ལྗོངས་ཞིང་འབྲོག་སློབ་གླིང་གཉིས་སུ་སློབ་ཆེན་སློབ་མའི་ལས་གཏོད་རྟེན་གཞི་བཙུགས་པ།  རྒྱལ་ཁབ་རིམ་པའི་རྩེར་སོན་གསར་གཏོད་རྟེན་གཞི་ལྔ་བཙུགས་ཟིན་པ་སོགས་ཡིན།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]