ལྷ་ས་ནས་རྩེད་ཐང་བར་གྱི་བོད་ལྗོངསs༥མྱུར་བགྲོད་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་འཕེལ་རིམ་བདེ་བླག་བྱུང་།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-11-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༦ ལོར་སྐྲུན་འགོ་ཚུགས་པའི་ལྷ་ས་ནས་རྩེད་ཐང་བར་གྱི་བོད་ལྗོངསs༥མྱུར་བགྲོད་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་འཕེལ་རིམ་བདེ་བླག་་བྱུང་བ་དང་།  རྣམ་གྲངས་དེ་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ནས་ལྷོ་ཁ་གྲོང་ཁྱེར་བསམ་ཡས་གྲོང་རྡལ་བར་ཡིན་ཞིང་།  གོང་དཀར་གནམ་གྲུ་ཐང་ནས་རྩེད་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་དང་སྦྲེལ་མཐུད་བྱས་ཡོད།  ལམ་ཐིག་གི་རིང་ཚད་ཁྱོན་སྤྱི་ལེ ༤༧.༤༣༤ ཡོད་པ་དང་།  ཕར་འགྲོ་ཚུར་འོང་ཕྱོགས་གཉིས་ཀྱི་ལམ་ངོས་ཐོག་ཁྱོན་རླངས་འཁོར་བཞི་སྒྲིག་ཤོང་བའི་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་ཡོད་ལ།  འཆར་འགོད་ཀྱི་ཚད་གཞི་ལྟར་ན་རླངས་འཁོར་གྱི་མགྱོགས་ཚད་ཆུ་ཚོད་གཅིག་ལ་སྤྱི་ལེ ༨༠ ཡིན་པ་དང་ལམ་གཞིའི་ཞེང་ཚད་ལ་རྨིད ༢༣.༥ ཡོད།  འཆར་གཞི་ལྟར་ན་སྤྱི་ལོ ༢༠༡༩ ལོར་མྱུར་བགྲོད་གཞུང་ལམ་དེ་ཡོངས་སུ་སྐྲུན་ཟིན་རྒྱུ་རེད།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]