སྐྱིད་རོང་རྫོང་གི་མཐའ་མཚམས་ཚོང་འདུས་སྐབས་དང་པོ་འགོ་ཚུགས་པ།

ཡོང་ཁུངས།   ཀྲུང་གོའི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-11-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  སྐྱིད་རོང་རྫོང་གི་མཐའ་མཚམས་ཚོང་འདུས་སྐབས་དང་པོ་ཀྲུང་ནེའི་མཐའ་མཚམས་ཀྱི་སྐྱིད་རོང་གྲོང་རྡལ་དུ་འགོ་ཚུགས་པ་དེས།  སྐྱིད་རོང་གྲོང་རྡལ་དུ་གནས་པའི་སྐྱིད་རོང་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་དངོས་སུ་གཉེར་འགོ་ཚུགས་པ་མཚོན་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན།  སྐྱིད་རོང་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་རར་ཁྱོན་མི་དམངས་ཤོག་སྒོར་ཁྲི་ཚོ ༤༢༥༠ མ་འཇོག་བྱས་ཡོད་པ་དང་།  འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨིད་ངོས་སྙོམས་གྲུ་བཞི་མ་ཁྲི ༡.༢ ཡོད།  ཉོ་ཚོང་ཁྲོམ་རས་ས་གནས་ཁག་གི་ཚོང་དུད་དང་མཐའ་མཚམས་མི་དམངས་ལ་ཁྲོམ་བཀྱག ༡༠༠ ལྷག་ཙམ་གྲ་སྒྲིག་མཁོ་འདོན་བྱས་ཡོད་པས།  ཚོང་ཟོག་ཆུང་གྲས་གཅིག་བསྡུས་ཐོག་འགྲེམས་སྟོན་དང་ཚོང་གཉེར་བྱེད་ཆོག་གི་ཡོད།།

 

  ༼  ནོར་བུས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]