བོད་ལྗོངས་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཨང་སུམ་ཅུ་པ་དེ་གྲེན་ཏུར་འབྱོར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལིའི།      སྤེལ་དུས།   2018-11-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

 

སྤྱི་ཟླ ༡༡ པའི་ཚེས ༥ ཉིན་གྱི་ཉིན་གུང་ཆུ་ཚོད་བཞི་དང་སྐར་མ ༣ ཐོག  A319(B-304M)རྟགས་ཅན་གྱི་མཁའ་འགྲུལ་གནམ་གྲུ་གསར་རྐྱང་ཞིག་གྲེན་ཏུ་ཧྲོང་ལིའུ་གནམ་གྲུ་ཐང་དུ་འབབ་ཡོད།  དེ་ནི་བོད་ལྗོངས་མཁའ་འགྲུལ་ཀུང་སིར་ལས་འགན་སྒྲུབ་པར་སླེབས་པའི A319 རྟགས་ཅན་གྱི་གནམ་གྲུ་ཨང་བཅུ་དགུ་པ་དེ་ཡིན་པ་དང་།  བོད་ལྗོངས་མཁའ་འགྲུལ་ཀུང་སིར་དབང་བའི་མཁའ་འགྲུལ་གནམ་གྲུ་ཨང་སུམ་ཅུ་པ་དེ་ཡང་རེད།  དེའི་ཐོག་ནས་བོད་ལྗོངས་མཁའ་འགྲུལ་འདི་ཉིད་གནས་བབ་གསར་པ་ཞིག་དང་འཇོན་ནུས་ཆ་ཚང་བའི་ས་ཁོངས་རང་བཞིན་གྱི་མཁའ་འགྲུལ་ཀུང་སི་ཞིག་ཏུ་གྱུར་བ་མཚོན་གྱི་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  བོད་ལྗོངས་མཁའ་འགྲུལ་ནི་རྒྱལ་ནང་གི་ཆེད་ས་མཐོའི་མཁའ་འགྲུལ་ཀུང་སི་དང་པོ་དེ་ཡིན་ཞིང་།  ད་ཆ A330 རྟགས་ཅན་གྱི་གནམ་གྲུ་ལྔ་དང་།  A320 རྟགས་ཅན་གྱི་གནམ་གྲུ་དྲུག  A319 རྟགས་ཅན་གྱི་གནམ་གྲུ་བཅུ་དགུ་བཅས་ཡོད་པའི་ནང་ནས A319 རྟགས་ཅན་དང་ A330 རྟགས་ཅན་གྱི་གནམ་གྲུ་ཚང་མ་ཆེས་ས་མཐོའི་ཁོར་ཡུག་དང་འཕྲོད་ཐུབ་པའི་དམིགས་བསལ་གྱི་བསྒྱུར་བཟོ་བྱས་ཡོད་པས་ས་མཐོའི་ཁུལ་དུ་འཕུར་སྐྱོད་ཀྱི་ནུས་པ་ཆེན་པོ་ལྡན་ཡོད།  ད་ཆ་བོད་ལྗོངས་མཁའ་འགྲུལ་ཀུང་སིའི་འཕུར་སྐྱོད་ལམ་ཐིག་རང་ལྗོངས་ཁུལ་གྱི་དམངས་སྤྱོད་གནམ་གྲུ་ཐང་ཡོངས་ལ་ཁྱབ་པ་དང་།  ལྷ་ས་གནམ་གྲུ་ཐང་ནས་ཕར་འགྲོ་ཚུར་འོང་གི་མཚན་འགྲུལ་བྱེད་རྒྱུ་རྒྱུན་རྣམ་ཅན་དུ་ཡང་གྱུར་ཡོད།  རྒྱལ་ནང་དང་རྒྱལ་སྤྱིའི་ལམ་ཐིག་དྲུག་ཅུར་ཉེ་བ་བཏོད་ཡོད་པའི་ནང་བོད་དང་འབྲེལ་བའི་ལམ་ཐིག་སུམ་ཅུ་ཙམ་ཡོད།  སྔོན་དཔག་ལྟར་ན།  ལོ་ལྔ་ཚན་བཅུ་གསུམ་པའི་དུས་མཇུག་ཏུ་བོད་ལྗོངས་མཁའ་འགྲུལ་ཀུང་སིར་དབང་བའི་གནམ་གྲུ་བཞི་བཅུ་ལྷག་ཙམ་ཟིན་བཟོ་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]