རང་ལྗོངས་སྨྱན་སྦྱོར་ཚན་པས་གསར་འགོད་པའི་དུས་ཆེན་ཐེངས་བཅུ་དགུ་པ་དགའ་གཏོང་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ནོར་བུ། བློ་གྲོས།      སྤེལ་དུས།   2018-11-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༧ ཉིན་གྱི་སྔ་དྲོ།  ལྗོངས་གསར་འགོད་པ་མཐུན་ཚོགས་ཀྱིས་བོད་དུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པ་དང་།  རང་ལྗོངས་ཀྱི་སྨྱན་སྦྱོར་ཚན་པ་གཙོ་བོ།  དྲ་རྒྱའི་སྨྱན་སྦྱོར་ཚན་པ་སོགས་ཀྱི་གསར་འགྱུར་ལས་དོན་པ ༡༠༠ ལྷག་ཙམ་སྒྲིག་འཛུགས་བྱས་ནས།  ལྷ་སའི་ལྷོ་རིའི་སྤྱི་གླིང་དུ་རི་འཛེགས་འགྲན་བསྡུར་བྱེད་སྒོ་སྤེལ་ཏེ་རང་རྒྱལ་གྱི་གསར་འགོད་པའི་དུས་ཆེན་ཐེངས་བཅུ་དགུ་པར་རྟེན་འབྲེལ་ཞུས་པ་རེད།  རི་འཛེགས་ཁྲོད་གསར་འགོད་པ་ཚོས་དགའ་བའི་གླུ་སྒྲ་སྒྲོག་བཞིན་འགྲན་རྩོད་ཀྱི་བསམ་པ་རབ་འཕེལ་ངང་།  ཕན་ཚུན་སྐུལ་མ་གཏོང་བ་སོགས་བརྒྱུད་རི་འཛེགས་ཀྱི་སྤྲོ་བ་མྱོང་རོལ་བྱས་ཡོད།
གསར་འགོད་པའི་དུས་ཆེན་ནི་སྤྱི་ལོ ༢༠༠༠ ལོའི་ཟླ ༨ པའི་ཚེས ༡ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཐོབ་པ་བརྒྱུད།  ཀྲུང་གོའི་གསར་འགོད་པ་མཐུན་ཚོགས་དབུ་བརྙེས་པའི་ཉིན་མོ་སྟེ་ལོ་རེའི་སྤྱི་ཟླ ༡༡ པའི་ཚེས ༨ ཉིན་དེ་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ལ་གཏན་འཁེལ་བྱས་པ་རེད།།





  ༼  རྩོམ་སྒྲིག་བློ་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]