སྤྱི་ལོ༢༠༡༨ལོའི་རྒྱལ་ཡོངས་འགྲིལ་འགྲུལ་བདེ་འཇགས་ཉིན་མོའི་བོད་ལྗོངས་འབབ་ཚུགས་ཞེས་པའི་བྱེད་སྒོ་ཆེ་གྲས་ལྷ་སར་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-12-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༢ པའི་ཚེས ༢ ཉིན།   སྤྱི་ལོ ༢༠༡༨ ལོའི་རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་སྨྱན་སྦྱོར་ཚན་པའི་དྲིལ་བསྒྲགས་ཆེ་གྲས།  ཡ་རབས་ཚུལ་ལྡན་ངང་ནས་འཁོར་རིགས་གཏོང་། གཡེང་མེད་ཞིབ་ཚགས་བྱས་ཏེ་ཚེ་སྲོག་སྲུང་།  ཞེས་བརྗོད་དོན་གཙོ་བོར་བྱས་པའི་བོད་ལྗོངས་འབབ་ཚུགས་ཀྱི་བྱེད་སྒོ་ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་སྤེལ་ཡོད།  དེ་ནི་སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་ལ་སྲོལ་བཟང་བཙུགས་ཏེ་ཞིབ་ཚགས་དང་འབྲེལ་བའི་བདེ་འཇགས་ཀྱི་འདུ་ཤེས་དང་འགྲིམ་འགྲུལ་གྱི་བདེ་འཇགས་ཤེས་བྱ་གོང་མཐོར་བཏང་ནས།  སྤྱི་ཚོགས་ཁྱོན་ཡོངས་སུ་ཁ་ལོ་བས་ཡ་རབས་ཚུལ་ལྡན་ངང་ནས་འཁོར་རིགས་གཏོང་དགོས་རྒྱུའི་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ཆེད་རེད།

བྱེད་སྒོ་དེ་ནི་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུད་དང་ཀྲུང་དབྱང་སྲོལ་བཟང་ལས་སྒྲུབ་ཅུད་གཉིས་པ།  ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་སྤྱི་ཚོགས་དང་བཅའ་ཁྲིམས་འཕྲིན་ལམ་བཅས་ཀྱིས་གཙོ་གཉེར་བྱས་པ་དང་།  བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་སྒྲུབ་འགན་འཁུར་བ་ཞིག་རེད།  བྱེད་སྒོའི་ཐོག་མི་སྒེར་གྱིས་ལུས་ཐོག་ཏུ་ཐོན་པའི་གནས་ཚུལ་ཤོད་པ་དང་བརྙན་ཐུང་སྟོན་པ།  རིག་རྩལ་འཁྲབ་སྟོན་སོགས་ཀྱི་རྣམ་པ་བརྒྱུད།  བསྒྱུར་བཅོས་སྒོ་དབྱེ་བྱས་ཏེ་ལོ་ངོ་ ༤༠ འཁོར་ཚུན་དུ་བོད་ལྗོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ཐད་ཀྱི་འགྱུར་ལྡོག་དང་།  ལྷག་པར་དུ་གློད་སྡོམ་ཞབས་གསུམ་གྱི་བསྒྱུར་བཅོས་ཐད་ཐོབ་པའི་གྲུབ་འབྲས་བཅས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་མངོན་པར་བྱས་པ་མ་ཟད།  དུས་མཚམས་གསར་པའི་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་སྣང་ཚུལ་གསར་ཤོས་མངོན་པ་དང་།  དུས་རབས་གསར་པའི་འགྲིམ་འགྲུལ་ཉེན་རྟོག་པའི་རྣམ་པ་བཟང་པོ་དང་རྟག་ཏུ་ལས་གནས་བརྟན་སྲུང་བྱེད་པའི་སྔོན་ཐོན་བྱས་རྗེས་མངོན་པ་བྱས་ཏེ།  ས་མཐོའི་ཉེན་རྟོག་པའི་སྤྱོད་ཚུལ་བཟང་པོར་བསྟོད་གླུ་ལེན་ཡོད།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]