རང་ལྗོངས་ཀྱིས་ཚད་མཐོའི་ཚན་རྩལ་གློག་འོད་དང་འགྲོག་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་བྱེད་སྒོ་པོ་ཏ་ལའི་ཐང་ཆེན་དུ་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-12-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༢ པའི་ཚེས ༣ ཉིན་གྱི་དགོངས་མོར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གློག་འོད་རྣམ་པར་བཀྲ་ཞིང་བལྟས་པ་ཙམ་གྱིས་མིག་དབང་འཕྲོག་པར་གྱུར་ཡོད།  དེ་ནི་སྤྱི་ལོ ༢༠༡༨ ལོའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་སྟེ་སྤྱི་ཟླ ༡༢ པའི་ཚེས ༤ ཉིན་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་ལ་བསུ་བ་ཞུ་ཆེད།  རང་ལྗོངས་ཀྱིས་གྲ་སྒྲིག་ཚགས་ཚུད་པོ་བྱས་པའི་འཆར་སྣང་ལྟ་བུའི་ཚད་མཐོའི་ཚན་རྩལ་གློག་འོད་དང་འགྲོག་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་པ་ཞིག་ཡིན།  ངོ་མཚར་ཆེ་བའི་གློག་འོད་ཀྱི་འགྱུར་བ་དང་བསྣོལ་འདྲེས་བྱེད་མཚམས་རེ་རེས་མི་རྣམས་ཀྱི་ཡིད་དབང་ཚད་མེད་བཀུག་ཡོད་ལ།  དེང་རབས་ཀྱི་སྒྱུ་རྩལ་དང་ཚན་རྩལ་གྱི་ཡ་མཚན་ནུས་པ།  ཁྲིམས་སྐྱོང་གི་ནང་དོན་བཅས་གཅིག་བསྡུས་བྱས་ཡོད་པ་དེའི་ཐོག་ནས་མི་ཚོར་འཆར་ཡན་གྱི་སྣང་བ་ཟབ་མོ་སྟེར་བ་མ་ཟད་ཚན་རྩལ་སྔར་བས་གོང་འཕེལ་ཕྱིན་པའི་འབྲས་བུ་ཡང་དངོས་སུ་མྱོང་རོལ་ཐུབ་པ་བྱུང་ཡོད།།

གློག་འོད་སྣ་མིན་སྣ་ཚོགས་ཁྲ་ཆེམ་ཆེམ། གནས་འདིའི་མི་ཚོགས་སྣང་བ་དགའ་ལྷང་ལྷང་།

འོད་ཀྱི་རླབས་རིས་གཡོ་བའི་གློག་གི་མདངས། གཟིགས་མོ་བ་ཡི་བདམས་ཁ་ཉག་གཅིག་གྱུར།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]