རང་རྒྱལ་གྱི་རྩ་ཁྲིམས་ཉིན་མོར་ལྷ་སས་ཁྲིམས་ལུགས་ཁྱབ་གདལ་གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-12-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༢ པའི་ཚེས ༤ ཉིན་ནི་རང་རྒྱལ་གྱི་རྩ་ཁྲིམས་ཉིན་མོ་ཐེངས་ལྔ་པ་དེ་ཡིན་པ་དང་།  སྤྱི་ཚོགས་ཁྱོན་ཡོངས་སུ་སྔར་ལས་ལྷག་པའི་སྒོ་ནས་རྩ་ཁྲིམས་ལ་གུས་བཀུར་དང་སློབ་སྦྱོང་།  བརྩི་སྲུང་།  སྲུང་སྐྱོང་བཅས་བྱེད་པ་མ་ཟད།  རྩ་ཁྲིམས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཆེར་སྤེལ་ནས།   རྩ་ཁྲིམས་ཀྱི་སྙིང་དོན་དར་སྤེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་འདུ་ཤེས་དར་སྤེལ།  རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོའི་རྩ་ཁྲིམས་ཀྱི་འདུ་ཤེས་མཐོ་རུ་གཏོང་བ་བཅས་བྱ་ཆེད།  དེ་ཉིན་ཞོགས་པ་ལྷ་ས་གྲོང་ཁྱེར་གྱིས་ཁྲིམས་ལུགས་ཁྱབ་གདལ་གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད།
བྱེད་སྒོའི་ཐོག་དགོད་བྲོའི་གཏམ་གླེང་རྩ་ཁྲིམས་ཉིན་མོ་ཞེས་པ་དང་སྙན་ངག་གྱེར་འདོན་རྩ་ཁྲིམས་ང་ཡི་སེམས་ལ་བཅངས་ཞེས་པ་སོགས་ཀྱི་འཁྲབ་སྟོན་ལེ་ཚན་ནང་རྩ་ཁྲིམས་ཀྱི་ནང་དོན་མཉམ་བསྲེས་བྱས་ནས།  དགའ་སྤྲོ་གཉིས་ལྡན་གྱི་རྣམ་པ་དང་གོ་བདེ་བབ་ཆགས་ཀྱི་སྐད་ཆའི་ཐོག་ནས།  གཟིགས་མོ་བ་ཚོའི་སྤྲོ་སྣང་འཕེལ་བ་བྱས་ཤིང་རྩ་ཁྲིམས་ལ་སྲུང་བརྩི་ཞུ་བ་དང་སློབ་སྦྱོང་བྱེད་པའི་འདུ་ཤེས་ཀྱང་མཐོ་རུ་བཏང་ཡོད།།


འཁྲབ་སྟོན་ལེ་ཚན་ནང་དུ་ཡང་། རྩ་ཁྲིམས་ཤེས་བྱ་མཉམ་དུ་བསྲེས།


བྱེད་སྒོའི་ཁྲོད་དུ་རྩ་ཁྲིམས་ཤེས་བྱའི་དྲི་བ་བཏོན། ཁྲིམས་ལུགས་ཤེས་བྱའི་ཐད་ཀྱི་བག་ཆགས་ཟབ་ཏུ་བཏང་།

  ༼  ནོར་བུས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]