དམངས་ཕན་ཚགས་ཤ་ལྷ་སའི་ཁྲོམ་རར་མཁོ་འདོན་བྱས་ཤིང་སྤྱི་ཚེས༩ཉིན་མཇུག་སྒྲིལ་རྒྱུ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-12-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

འབྲི་གཡག་སྡོམ་གསོའི་དཔལ་འབྱོར་གྱི་ཕན་འབྲས་ཐོན་པ་དང་ལྷ་སའི་གྲོང་མི་ཚོའི་ཚགས་ཤའི་དགོས་མཁོ་སྐོང་ཐུབ་ཆེད།  སྤྱི་ཟླ ༡༢ པའི་ཚེས ༥ ཉིན་གྱི་སྔ་དྲོ།  ལྷ་ས་གྲོང་ཁྱེར་གྱིས་ད་ལོའི་དམངས་ཕན་ཚགས་ཤ་ཁྲོམ་རར་མཁོ་འདོན་བྱས་ཡོད།

གསར་འགོད་པས་བོད་ལྗོངས་འགྲེམ་ཚོགས་ལྟེ་གནས་ཀྱི་ཐང་ཆེན་ཚོང་ར་ནས་ཤེས་རྟོགས་བྱས་པར་གཞིགས་ན།  དེ་བས་མང་བའི་གྲོང་མིས་དམངས་ཕན་ཚགས་ཤ་ཉོ་སྒྲུབ་ཐུབ་ཆེད།  ད་ལོ་ལྷ་ས་གྲོང་ཁྱེར་གྱིས་དམངས་ཕན་ཚགས་ཤ་རྒྱ་མ་ཁྲི ༡༥ མཁོ་འདོན་བྱས་ཡོད་པ་དང་།  གྲོང་མི་ཚོས་ཚགས་ཤ་ཉོ་སྒྲུབ་བྱེད་སྐབས་གྲོང་མིའི་ཐོབ་ཐང་ལག་ཁྱེར་འཁྱེར་ནས་ཐོ་འགོད་བྱེད་དགོས་པ་དང་མི་རེས་ཚགས་ཤ་སྟོད་སྡེབ་གཅིག་གམ་ཡང་ན་སྨད་སྡེབ་གཅིག་ལས་ཉོ་ཆོག་གི་མེད་པ་དང་།  སྟོད་སྡེབ་རྒྱ་མ་རེར་སྒོར ༢༧ དང་སྨད་སྡེབ་རྒྱ་མ་རེར་སྒོར ༣༢ ཡིན་ཞིང་།  འཚོ་བར་དཀའ་ངལ་ཡོད་པའི་གྲོང་མི་ཚོས་མ་མཐའི་འཚོ་བ་འགན་སྲུང་ལག་ཁྱེར་འཁྱེར་ནས་ཉོས་ཚེ་རིན་གོང་རྒྱ་མ་རེར་སྒོར ༢ བཅོག་གི་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་བྱེད་སྒོ་དེ་སྤྱི་ཟླ ༡༢ པའི་ཚེས ༥ ནས་འགོ་ཚུགས་ཏེ་རྒྱུན་མཐུད་ཉིན་ལྔ་སྤེལ་རྒྱུ་དང་།  མཁོ་འདོན་བྱས་པའི་ཚགས་ཤ་དག་འདམ་གཞུང་དང་ལྷུན་གྲུབ།  མལ་གྲོ་གུང་དཀར།  སྟག་རྩེ་བཅས་རྫོང་ཁག་ཏུ་སྡོམ་གསོ་བྱས་པའི་ཚགས་ཤ་ཡིན་པ་དང་།  རིམས་ནད་ཞིབ་དཔྱད་ཚན་པས་ཞིབ་བཤེར་ཚད་ལོན་བརྒྱུད་རིམས་ནད་མེད་པའི་ཐེལ་ཙེ་བརྒྱབ་ཡོད།།

  ༼  ནོར་བུས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]