ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་ལྷ་སར་ཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ནོར་བུ།      སྤེལ་དུས།   2019-01-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༠ ཉིན་གྱི་སྔ་དྲོ།  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་ལྷ་སར་འགོ་ཚུགས་པ་དང་།  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རང་ལྗོངས་ཀྱི་གྲོང་ཁྱེར༼ ས་ཁུལ ༽ཁག་ནས་ཕེབས་པའི་འཐུས་མི་ཚོས་བློ་སྟོབས་ཆེར་སྐྱེད་ངང་ཚོགས་འདུར་ཞུགས་ཡོད།  ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཕེབས་དགོས་ངེས་ཀྱི་འཐུས་མི ༤༣༤ ཡིན་པ་དང་།  དངོས་སུ་འཐུས་མི ༣༧༨ ཕེབས་ཡོད་པས་ཁྲིམས་ལུགས་ཀྱི་གཏན་འབེབས་མི་གྲངས་དང་མཐུན་ཡོད།  
ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་པ་མ་ཟད།  དེ་རྗེས་
རང་ལྗོངས་ཀྱི་སྤྱི་ལོ ༢༠༡༨ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་སྤྱི་ལོ ༢༠༡༩ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུར་ཞིབ་བཤེར་གནང་བ་དང་།   རང་ལྗོངས་ཀྱི་སྤྱི་ལོ ༢༠༡༨ ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་སྤྱི་ལོ ༢༠༡༩ ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུར་ཞིབ་བཤེར་གནང་བ།  རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་སྤྱི་ཚོགས་འཛུགས་སྐྱོང་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཆེད་དོན་འཆར་ཟིན་ལ་བརྡས་ཐག་བཅད་པ་སོགས་བྱས་ཡོད།

སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཨུ་ཡོན་རྣམས་ཚོགས་འདུར་ཟུར་བཞུགས་གནང་ཡོད།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]