བློ་ཕུད་གྲོས་གཤོམས་བྱས་ཏེ་གོང་འཕེལ་གྱི་དཔེ་རིས་བཟང་པོ་བཀོད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཀྲང་ཧུང་ལེང་།      སྤེལ་དུས།   2019-01-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་སྤྱི་ཟླ་དང་པོའི་ཚེས ༡༠ ཉིན་གྱི་སྔ་དྲོ་ལྷ་སར་འགོ་ཚུགས་པ་དང་།  གཞི་རིམ་ནས་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་པའི་ལས་འགན་སྒྲུབ་སེམས་ཆེ་བ་དང་།  གཞི་རིམ་གྱི་གནས་ཚུལ་མངོན་གང་ཐུབ་བྱེད་པ།  དོ་སྣང་ཆེ་ས་དང་དཀའ་ཁག་འཕྲད་པའི་དམངས་འཚོའི་གནད་དོན་སོགས་ཀྱི་ཐད་ཐབས་དང་ཇུས་བཏོན་གང་ཐུབ་བྱེད་བཞིན་ཡོད།  འཐུས་མི་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ཏེ།  དུས་རབས་གསར་པའི་ཕུགས་འདུན་མངོན་འགྱུར་པ་ཞིག་དང་དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་མཁན་ཞིག་བྱེད་རྒྱུ་ཡིན་ཞེས་བརྗོད།

ཆུ་བེད་ཁོངས་གཏོགས་ནས་ཕེབས་པའི་འཐུས་མི་ཧྥན་གཡུས་ཇའོ་ཡིས་གསར་འགོད་པའི་བཅའ་འདྲི་དང་ལེན་གནང་སྐབས།  ཀྲུའུ་ཞི་ཆེ་དགྲ་ལྷས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་གཟིགས་རྒྱང་རིང་ལ་བསམ་ཕྱོགས་ཁ་གསལ་བ་དང་མི་སེམས་ལ་སྐུལ་མ་ཐེབས་དགོས་པ་ཞིག་འདུག་པས།  རང་ཉིད་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་འོས་འགན་བློ་ལ་བརྟན་པོར་ངེས་ཏེ།  བོད་ཀྱི་ཆུ་བེད་བྱ་གཞག་བསྒྱུར་བཅོས་དང་གོང་འཕེལ་གཏོང་རྒྱུའི་ཐད་མུ་མཐུད་བློ་དང་ནུས་པ་འདོན་རྒྱུ་ཡིན་ཞེས་གསུངས།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་ཐོན་ལས་མ་ལག་བཙུགས་ནས་ལྗོངས་ཡོངས་སུ་ཁྱད་ལྡན་ཡུལ་སྐོར་རིག་གནས་ཐོན་ལས་ཁྱབ་ཐུབ་པ་བྱེད་རྒྱུ་ཡིན་ལུགས་བཏོན་ཡོད།  མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་རྫོང་དཔོན་ཆོས་ཚེ་ཡིས།  ང་ཚོ་སྤུ་ཧྲེང་རྫོང་ལ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་སོགས་རབ་བྱུང་ལྷུན་གྱིས་གྲུབ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཧ་ཅང་མང་པོ་ཡོད།  སྲིད་གཞུང་ནས་མུ་མཐུད་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས།  ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེ་གཏོང་བ་དང་མང་ཚོགས་དེ་བས་མང་བ་ཕྱུག་འགྱུར་ལམ་བུའི་ཐོག་སྣེ་ཁྲིད་བྱེད་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས། 

ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ནས་ཕེབས་པའི་གཞི་རིམ་གྱི་འཐུས་མི་ལིའུ་ཧྲེང་གཡུས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་གཟིགས་གནང་རྗེས་གསར་འགོད་པར།  སྙན་སྒྲོན་འདི་ནི་མི་སེམས་ལ་ཟུག་ཤིང་སྐུལ་མ་ཐེབས་དགོས་པ་ཞིག་འདུག  ལྷག་པར་དུ་རྒྱུན་འཁྱོངས་བྱས་པ་བདུན་གྱི་ཐད་ནས་སྤྱི་ལོ ༢༠༡༨ ལོའི་སྲིད་གཞུང་གི་ལས་དོན་ལ་དངོས་ཐོག་བདེན་འཚོལ་གྱི་ཐོག་ནས་ཕྱོགས་བསྡོམས་བྱས་ཡོད་ལ།  ཕྱོགས་ལྔའི་ཐད་ནས་ལས་ཀའི་ཁྲོད་ཀྱི་མི་འདེངས་བ་དང་ཞན་ཆར་ཡང་དབྱེ་ཞིབ་བྱས་ཡོད་པ་མ་ཟད།  ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་ཚད་བཏོན་ཡོད་པ་དང་།  ནུས་ཤུགས་ཡོད་རྒུས་སྒྲུབ་དགོས་པ་བདུན་གྱི་ཐད་ནས་སྤྱི་ལོ ༢༠༡༩ ལོའི་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་བྱས་ཡོད།  གོམ་སྟབས་རྗེས་མར་ང་ཚོས་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྣེ་ཁྲིད་འོག་རྫོང་ཁོངས་རང་ངོས་ཀྱི་དོན་དངོས་ལ་གཞིས་ཚུགས་ཏེ།  ཤང་གྲོང་དར་རྒྱས་གཏོང་རྒྱུ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་རྒྱུ།  ཁྱད་ལྡན་ཡུལ་སྐོར་མཛེས་ལྗོངས་ཁུལ་སྐྲུན་རྒྱུ་སོགས་ཕྱོགས་གང་ཅིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ།  གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ ༧༠ འཁོར་བར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]