སྲིད་གྲོས་སྐབས༡༡པའི་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པས་ཚོགས་ཆེན་ཐེངས་གཉིས་པ་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ནོར་བུ། འོད་འབུམ།      སྤེལ་དུས།   2019-01-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

 

སྤྱི་ཚེས ༡༡ ཉིན་གྱི་ཕྱི་དྲོ།  སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་པ་དང་།  ཚོགས་ཆེན་ཐོག་ཨུ་ཡོན་བཀྲ་ཤིས་བག་བྲོ་དང་ཉི་མ་ཚེ་རིང་།  ཡ་ཞ་སོགས་ཨུ་ཡོན་བཅུ་གྲངས་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་ཕྱོགས་དང་།  མི་རིགས་རིག་གནས་རྒྱུན་འཛིན་དང་མི་ཉམས་གོང་འཕེལ་གཏོང་ཕྱོགས་སོགས་དང་འབྲེལ་བའི་གཏམ་བཤད་སྤེལ་གནང་བ་རེད།
ཨུ་ཡོན་བཀྲ་ཤིས་བག་བྲོས་སྲིད་གྲོས་ཨུ་ཡོན་གྱི་འགན་ནུས་འཁུར་ཤུགས་ཆེ་རུ་གཏོང་ཐབས་ཐད་ཀྱི་གཏམ་བཤད་གནང་།

ཨུ་ཡོན་ཉི་མ་ཚེ་རིང་གིས་དམངས་གཉེར་ཁེ་ལས་གོང་འཕེལ་གཏོང་ཕྱོགས་སྐོར་གྱི་གཏམ་བཤད་གནང་།

ཨུ་ཡོན་ཡ་ཞས་མོན་པ་དང་ལྷོ་པ་སོགས་མི་འབོར་ཉུང་བའི་མི་རིགས་ཀྱི་རིག་གནས་
རྒྱུན་འཛིན་དང་གོང་འཕེལ་ཤུགས་ཆེ་གཏོང་དགོས་པའི་གཏམ་བཤད་གནང་།
  ༼  རྩོམ་སྒྲིག་བློ་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]