སྐྱེ་ཁམས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ།      སྤེལ་དུས།   2019-01-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༡ ཉིན་བོད་ལྗོངས་ཀྱི་དྲ་བའི་སྨྱན་སྦྱོར་ཚོགས་པ་དཔྱིད་གསར་རིང་གཞི་རིམ་དུ་སྐྱོད་ཅེས་པའི་བྱེད་སྒོའི་གསར་འགོད་ཚོིགས་པ་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་སླེབས་པ་རེད།
མཛེས་ལྗོངས་ཁུལ་དེས་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་བཅོས་སྒྲིག་བྱས་ནས་མཛེས་ལྗོངས་ཁུལ་དུ་བྱེ་པ་གྲོང་ཚོའི་ཡུལ་སྐོར་སྣེ་ལེན་ལྟེ་གནས་ཞིག་གསར་སྐྲུན་བྱས་ཏེ།  ཆེད་མངགས་དབུལ་པོའི་དུད་ཁྱིམ་ལ་འགན་གཙང་སྤྲད་པའི་ལམ་ལུགས་གཉེར་བ་དང་།  ད་ལྟའི་ཆར་ལོའི་ཡོང་འབབ་སྒོར་ཁྲི་ཚོ ༡༦ ཟིན་ཏེ་བྱེ་པ་གྲོང་ཚོའི་དབུལ་པོའི་མང་ཚོགས་རྣམས་ལས་ཞུགས་ལས་གཏོད་ཐུབ་རྒྱུར་ཁྲིད་སྟོན་བྱས་ཡོད།  མཛེས་ལྗོངས་ཁུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་བྲག་གསུམ་མཚོའི་ཡུལ་སྐོར་དབུལ་སྐྱོར་ནུས་པ་གང་ལེགས་ཐོན་ཆེད།  མཚོ་མགོ་ཤང་དང་བྲག་གསུམ་གྲོང་རྡལ།  གྲོང་གསར་ཤང་།  ཀོང་པོ་རྒྱ་མདའ་གྲོང་རྡལ།  རྒྱ་མདའ་ཤང་།  སྤྱི་མདའ་གྲོང་རྡལ་སོགས་ཀྱི་ཡིག་ཚགས་དང་གཱ་བཟོས་ཡོད་པའི་དབུལ་པོའི་དུད་ཁྱིམ་ལ་གཙང་སྦྲའི་མི་སྣ་དང་བདེ་སྲུང་མི་སྣ།  སྣེ་ཤན་པ་སོགས་ཀྱི་དབུལ་སྐྱོར་ལས་གནས ༡༣༢ མཁོ་འདོན་བྱས་ཡོད་པས།  ཉེ་འགྲམ་གྱི་མང་ཚོགས་རྣམས་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་ཡོང་སྒོ་འཕར་བ་བྱེད་བཞིན་ཡོད།།

མཛེས་ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བ་ཡཱང་ཧྲེང་ཡུན་ནས།  དུས་ཡུན་རིང་པོའི་འཚོལ་ཞིབ་བྱས་པ་བརྒྱུད་ང་ཚོས་སྐྱེ་ཁམས་ཡུལ་སྐོར་ལས་རིགས་དང་དམངས་ཕྱུག་དབུལ་སྐྱོར་ལས་དོན་གཉིས་མཉམ་འབྲེལ་བྱས་ཏེ།  ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས།  ཡུལ་སྐོར་ཐོན་རྫས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་ཤང་གྲོང་གི་ཡུལ་སྐོར་ཚོང་རྟགས་གཏོད་རྒྱུ་ཇེ་མགྱོགས་སུ་བཏང་བ་བཅས་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ལ།  བྲག་གསུམ་མཚོ A ལྔ་ རིམ་པའི་མཛེས་ལྗོངས་ཁུལ་གྱིས་སྤྱི་ལོ ༢༠༡༨ ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༤༡.༧ ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་ཚོ ༣༤༢༧.༠༤ བྱུང་ཞེས་བཤད།

བྱེ་པ་གྲོང་ཚོའི་གྲོང་མི་ཚེ་རིང་གཡང་འཛོམས་ཀྱིས་དེང་སྐབས་ང་ཚོ་ནང་མི་བཞི་མཛེས་ལྗོངས་ཁུལ་དུ་ལས་ཀ་བྱེད་བཞིན་ཡོད།  ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི ༡༢ མ་ཟིན་ཙམ་འདུག་པས་འཚོ་བའི་ཐད་དཀའ་ངལ་གང་ཡང་མིན་འདུག་ཅེས་གསར་འགོད་པར་བཤད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]