ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ལ་གཅེས་སྐྱོང་བྱེད་ཅེས་པའི་ད་ལོའི་མུ་འབྲེལ་བྱེད་སྒོ་སྤེལ་འགོ་བཙུཌ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཀོ་ཀོ།      སྤེལ་དུས།   2019-02-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དབུལ་སྐྱོར་གནད་འཕིགས་ཀྱི་གསོན་ཤུགས་འཕེལ་བ་དང་དཀའ་ངལ་ཡོད་པའི་བུད་མེད་ལ་རོགས་སྐྱོབ་བྱེད་པ།  དེ་བཞིན་ཁྱིམ་ཚང་གི་དགོས་མཁོ་ཁག་ཅིག་བསྐོང་བ་བཅས་བྱ་ཆེད།  ཉེ་དུས།  རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་ཐོག  བུད་མེད་ལ་གཅེས་སྐྱོང་བྱེད་ཅེས་པའི་སྤྱི་ལོ ༢༠༡༩ ལོའི་མུ་འབྲེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ལྷ་ས་རྗེ་འབུམ་སྒང་སྡེ་ཁུལ་ཨུ་ལྷན་དུ་གཉེར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༡༨ ལོར་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་གོང་འཕེལ་ཐེབས་རྩ་ལྷན་ཚོགས་དང་ཧེང་ཨའེ་ཚོགས་པ།  ཀྲུང་གོ་མཁའ་དམག  སྤྱི་ཚོགས་གཅེས་སེམས་མི་སྣ་སོགས་དང་མཐུན་སྦྱོར་གང་ལེགས་བྱས་ཏེ།  སྐྲན་ནད་གཉིས་ཕོག་པའི་རང་ལྗོངས་ཀྱི་བུད་མེད ༡༨༢ ལ་སྐྲན་ནད་སྨན་བཅོས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་ཚོ ༡༨༢ དང་།  མ་ཡུམ་གྱི་བསྐུར་མོ་ཞེས་པ ༥༠༠༠ ཙམ་བརྩོན་ལེན་སོགས་བྱས་པ་མ་ཟད།  དཔྱིད་ཀྱི་ཐིའུ་ཞེས་པའི་རྣམ་གྲངས་ནས་སློབ་ཆེན་སློབ་མ ༡༣༠ ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི་ཚོ ༧༢.༨ སྤྲད་པ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]