ཚེས་གསུམ་རྟ་རྒྱུགས་འགྲན་བསྡུར་ལས་ལོ་གསར་རྣམ་པ་དེ་བས་འཁྲུག

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཀོ་ཀོ།      སྤེལ་དུས།   2019-02-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༢ ཚེས ༧ ཉིན།  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་།  རང་སྐྱོང་ལྗོངས་སྤྱི་ཚོགས་ལུས་རྩལ་ལྟེ་གནས་ཀྱིས་གཉེར་འགན་འཁུར་བའི་སྤྱི་ལོ ༢༠༡༩ ལོའི་བོད་ས་ཕག་ལོའི་ལོ་གསར་ཚེས་གསུམ་དང་དཔྱིད་གསར་དུས་ཆེན་རིང་གི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།།

སྔ་དྲོའི་ཆུ་ཚོད ༡༠ ཡོལ་ཙམ་ལ་རྟ་རྩལ་འཁྲབ་སྟོན་དངོས་སུ་སྤེལ་འགོ་ཚུགས་པ་དང་།  གཟབ་མཆོར་ལེགས་པར་སྤྲས་པའི་རྟ་རྩལ་རུ་ཁག་གི་རུ་མིས་རིམ་བཞིན་རྟ་ཐོག་ནས་དཀར་ཡོལ་ལེན་པ་དང་།  རྟ་ཐོག་ཏུ་གན་རྐྱལ་སློག་པ་དང་མི་བརྩེགས་རྒྱག་པ་སོགས་སྲོལ་རྒྱུན་དང་དེང་རབས་ཀྱི་རྟ་རྩལ་འཁྲབ་སྟོན་སྣ་ཚོགས་བྱས་པར་ལྟད་མོ་བའི་ཡིད་དབང་རབ་ཏུ་འཕྲོག་སྟེ།  བོད་ས་ཕག་ལོའི་ལོ་གསར་ཚེས་གསུམ་ཉིན་མོར་དུས་སྟོན་གྱི་དགའ་བ་དེ་བས་རྒྱས་སུ་གྱུར།།

 གཟེངས་སུ་ཐོན་པའི་རྟ་རྩལ་ངོམས། སྐུ་མགྲོན་རྣམ་པའི་ཡིད་དབང་འཕྲོག

མི་རྟ་ལྷན་དུ་ཚོགས་པ་སྒྲིག དེང་རབས་རྟ་རྩལ་འཁྲབ་སྟོན་མཚར།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]