བོད་ལྗོངས་གཡག་རྟེན་མཛོད་གླིང་སླར་ཡང་ཕྱི་ཕྱོགས་ལ་སྒོ་མོ་དབྱེ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2019-04-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པས་བོད་ལྗོངས་གཡག་རྟེན་མཛོད་གླིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  འགྲེམས་ཁང་ནང་གི་ཅ་དངོས་སྒྲིག་གཤོམས་སོགས་ཀྱི་ལས་དོན་ཁག་འཐུས་ཚང་བྱུང་རྗེས་སྤྱི་ཟླ་བཞི་པའི་ཚེས ༡ ཉིན་ནས་བཟུང་རྟེན་མཛོད་གླིང་སླར་ཡང་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་འགོ་ཚུགས་ཡོད།  རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བས་ཐོབ་ཐང་ལག་ཁྱེར་འཁྱེར་ནས་རིན་མེད་ངང་ལྟ་སྐོར་བྱས་མཆོག  དབྱར་དུས་སུ་འགྲེམས་ཁང་དེའི་སྒོ་ཕྱེ་བའི་དུས་ཚོད་ནི་གཟའ་མིག་དམར་ནས་གཟའ་ཉི་མའི་བར་གྱི་སྔ་དྲོའི་ཆུ་ཚོད ༡༠ ནས་ཕྱི་དྲོའི་ཆུ་ཚོད ༡༧ དང་སྐར་མ ༣༠ བར་ཡིན་པ་དང་།  དགུན་དུས་ནི་གཟའ་མིག་དམར་ནས་གཟའ་ཉི་མའི་བར་གྱི་སྔ་དྲོའི་ཆུ་ཚོད ༡༡ ནས་ཕྱི་དྲོའི་ཆུ་ཚོད ༡༧ བར་ཡིན།  ཁྲིམས་མཐུན་དུས་ཆེན་དང་གུང་གསེང་རིང་རྒྱུན་ལྡན་ལྟར་སྒོ་མོ་དབྱེ་རྒྱུ་རེད།  

  

བོད་ལྗོངས་གཡག་རྟེན་མཛོད་གླིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  རྟེན་མཛོད་གླིང་དེ་ནི་གཡག་གི་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་བཤམས་མཛོད་ཁང་ཞིག་ཡིན་པ་དང་།  ཡུན་གནས་རང་བཞིན་དང་ཁེ་སྤོགས་མི་གཉེར་བའི་རྒྱལ་ཁབ་ཀྱི་སྒྲིག་གཞི་ཞིག་ཡིན་པས་སྤྱི་དམངས་ལ་སྒོ་མོ་དབྱེ་བས་མ་ཟད།  སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཀྱང་ཞུས་ཏེ་སློབ་སྦྱོང་དང་སློབ་གསོ།  རོལ་རྩེད་བཅས་བྱ་རྒྱུ་དམིགས་ཡུལ་དུ་བཟུང་གི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༡༨ ལོར་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་འགྲེམས་སྟོན་ཐེངས ༨ བྱས་པ་དང་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་ཐེངས ༢༠ ཇུས་འགོད་བྱས་པ།  དང་བླངས་ཞབས་ཞུ་མཁོ་འདོན་བྱེད་ཚད་ཆུ་ཚོད ༧༠༠ ལྷག་ཙམ་ཟིན་པ།  ལྟད་མོ་བ་མི་ཐེངས་ཁྲི ༧.༣ ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་བཅས་རེད།

གཞན་ཡང་།  བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་ནན་ཅིང་ཅང་ཉིང་རྟེན་རྫས་བཤམས་མཛོད་ཁང་དུ་ས་མཐོའི་གཡག་གི་རིག་གནས་འགྲེམས་སྟོན་གཉེར་བས་ནན་ཅིང་གི་ལྟད་མོ་བའི་གདེང་འཇོག་ཡག་པོ་ཐོབ་ཡོད།།

 

གོམ་སྟབས་རྗེས་མར་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་མུ་མཐུད་སྤུས་རྟགས་ཀྱི་འདུ་ཤེས་འཛུགས་པ་དང་འདུ་ཤེས་གསར་གཏོད་བྱེད་པ།  འགྲེམས་སྟོན་གྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ།  གཞི་རྩའི་འགྲེམས་སྟོན་ལེགས་སྒྲིག་དང་ལེགས་སུ་གཏོང་བ།  ཁྱད་ཆོས་མངོན་གསལ་དོད་པའི་ཆེད་དོན་འགྲེམས་སྟོན་ཇུས་འགོད་སོགས་བྱ་རྒྱུ་མ་ཟད།  ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་དོ་དམ་མཐའ་འཁྱོངས་བྱས་ཐོག་མུ་མཐུད་རིག་དངོས་བསྡུ་རུབ་བྱས་ཏེ།  རིག་དངོས་ཉར་ཚགས་བྱེད་ཚད་ཕུན་སུམ་ཚོགས་སུ་གཏོང་བ་དང་།  ཤུགས་རྐྱེན་ལྡན་པའི་རིག་གཞུང་སྤེལ་ས་ཞིག་དང་ཞིབ་འཇུག་ལྟེ་གནས་ཞིག་ཏུ་འགྱུར་བ་བྱེད་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]