རང་ལྗོངས་ཀྱིས་ཁོར་ཡུག་ལྟ་ཞིབ་ཚད་ལེན་སོགས་རྨང་གཞིའི་ནུས་པ་འཛུགས་སྐྱོང་ཐད་ཤུགས་སྣོན་བརྒྱབ།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ལྟ་བཤེར།  ཁྱབ་འགྱེད།  དྲིལ་བསྒྲགས་སློབ་གསོ་སོགས་རྨང་གཞིའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་མ་ཟད།  འགྲོ་གྲོན་དང་སྒྲིག་ཆས་ཐད་གཏོང་ཤུགས་ཀྱང་ཆེ་རུ་བཏང་ནས་ཆུ་དང་མཁའ་རླུང་།  ས་རྒྱུ་བཅས་ཀྱི་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་དྲ་བ་འཐུས་ཚང་དུ་གཏོང་གང་ཐུབ་བྱས་པ་དང་།  གྲངས་གཞི་ཅན་དང་ལངས་གཟུགས་ཅན།  རིག་ནུས་ཅན་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་ཕྱོགས་ཡོངས་ལ་ཁྱབ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་དྲ་རྒྱའི་ལས་སྟེགས་ཞིག་བསྐྲུན་ཡོད་པས།  ཆེད་དོན་རྩལ་ནུས་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ལ།  རང་ལྗོངས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ནུས་པ་དང་ལག་རྩལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་ཁོར་ཡུག་སྲུང་སྐྱོང་ཐད་ལག་རྩལ་གྱི་འདེགས་སྐྱོར་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད།། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]