ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་ནས་ལོ་ངོ་༦༠འཁོར་བར་དྲན་གསོ་ཞུ་བའི་བོད་ལྗོངས་ཀྱི་པར་རིས་འགྲེམས་སྟོན་བྱེད་སྒོ་ཨའོ་མེན་དུ་སྤེལ།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༦༠ འཁོར་བར་དྲན་གསོ་ཞུ་བའི་བོད་ལྗོངས་ཀྱི་པར་རིས་འགྲེམས་སྟོན་སྤྱི་ཚེས ༩ ཉིན་ཨའོ་མེན་གྱི་མཛའ་གྲོགས་ཐང་ཆེན་དུ་བྱེད་འགོ་ཚུགས་པ་དང་པར་རིས་འགྲེམས་སྟོན་གྱི་བྱེད་སྒོ་དེ་ཟླ་གཅིག་ཙམ་རྒྱུན་མཐུད་རྒྱུ་རེད།  ད་ཐེངས་འགྲེམས་སྟོན་གྱི་ནང་དོན་གཙོ་བོ་ནི་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ ཡི་རིང་བོད་ལྗོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་སོགས་ལ་ཐོབ་པའི་གྲུབ་འབྲས་གཙོ་བོར་འཛིན་ནས།  པར་འགྲེམས་ཀྱི་ནང་དོན་ཡང་ཞིང་བྲན་ཁྲི་ཚོ་བརྒྱར་ཡང་ལངས་བཅིངས་འགྲོལ་ཐོབ་པ་དང་།  བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ།  སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ།  བོད་ཁུལ་དུ་ཆོས་དད་རང་མོས་ཡིན་པ།  མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པ་བཅས་ཁག་ལྔ་ལ་དབྱེ་ཡོད།  ཐེངས་འདིའི་བྱེད་སྒོའི་ནང་ཁྱོན་རྩ་ཆེའི་པར་རིས ༤༢༥ འགྲེམས་སྟོན་བྱས་ཡོད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]