བདེ་ཐང་དང་ཁྲིམས་ལུགས་སོགས་དགོན་སྡེར་སྐྱེལ་བ་དང་བུད་མེད་ལ་གཅེས་སྐྱོང་གི་བྱེད་སྒོ་ཤུག་གསེབ་དགོན་དུ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2019-04-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༤ ཚེས ༡༠ ཉིན།  བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས།  བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་བདེ་ཐང་དང་ཁྲིམས་ལུགས།  རིག་གནས་དང་དྲོ་སྐྱིད་སོགས་སྐྱེལ་བ་དང་། བུད་མེད་ལ་གཅེས་སྐྱོང་གི་བྱེད་སྒོ་ཤུག་གསེབ་དགོན་དུ་སྤེལ་བ་རེད།  ཐེངས་དེའི་བྱེད་སྒོར་དགོན་པའི་བཙུན་མ་དང་དགོན་པར་བཅའ་སྡོད་ལས་བྱེད་པ ༡༣༠ ལྷག་ཙམ་ལ་རིན་མེད་ངང་གཟུགས་གཞིར་བརྟག་དཔྱད་དང་སྨན་རྫས་སྤྲད་པ་མ་ཟད།  འཚོ་བའི་མཁོ་ཆས་ཀྱང་སྤྲད་པ་སོགས་བྱས་ནས།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཙུན་མ་དང་མང་ཚོགས་ལ་བཅངས་པའི་བརྩེ་བ་ཟོལ་མེད་དང་གཅེས་སྐྱོང་བྱེད་ལུགས་ཚོར་ཐུབ་པ་བྱས་ཡོད།

རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁེ་དབང་པུའི་པུའུ་ཀྲང་བུ་ཁྲིད་ནས་ངོ་སྤྲོད་བྱས་པར་གཞིགས་ན།  བྱེད་སྒོར་ཁྲིམས་རྩོད་པ་ལྷ་མོ་གདན་ཞུ་བྱས་ནས་བུད་མེད་ཀྱི་ཁེ་དབང་འགན་སྲུང་སོགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་སློབ་ཁྲིད་བྱས་པས།  དགོན་པའི་བཙུན་མ་དང་དགོན་པར་བཅའ་སྡོད་ལས་བྱེད་པ་ཚོས་ཁྲིམས་ལུགས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་བ་དང་།  ཁྲིམས་ཤེས་པ་དང་ཁྲིམས་སྲུང་བའི་སྔོན་ཐོན་གྲྭ་བཙུན་ཞིག་ཏུ་བརྩོན་ལེན་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

བརྩེ་སེམས་བཅངས་པའི་བྱེད་སྒོ་སྤེལ་བ་དེས་རང་ཉིད་ཀྱི་སེམས་གཏིང་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་བྱུང་ཅེས་བཙུན་མའི་འཐུས་མི་བཀྲ་ཤིས་སྒྲོལ་མས་གསུངས་པ་རེད།། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]