རྩལ་ནུས་རིམ་སྤོར་བྱས་ནས་ལས་ཞུགས་ཐུབ་ཚད་མཐོ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེ་གཏོང་རྒྱུ་ནི་སྤྱི་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་།  ཞིང་གསུམ་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ།  བོད་ཀྱི་དེང་རབས་རྒྱལ་དམངས་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།  དེང་རབས་སློབ་གསོ་སྐྱོན་བྲལ་དང་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད།  ཉེ་བའི་ལོ་ཤས་རིང་རིམ་ཁག་སྲིད་གཞུང་གིས་ལས་རིགས་སློབ་གསོའི་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་བཏང་བའི་རྨང་གཞིའི་ཐོག  སློབ་གཉེར་བྱེད་སྟངས་སྔར་བས་བསྒྱུར་བཅོས་དང་སློབ་གཉེར་གཞི་ཁྱོན་ཆེ་རུ་བཏང་བས་ལྗོངས་ཡོངས་ཀྱི་ལས་རིགས་སློབ་གསོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།  ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་སློབ་མའི་དངོས་སྦྱོང་སློབ་གསོའི་ཐོག་ནས་སློབ་མའི་ལས་ཞུགས་ལས་གཏོད་ཐད་སྐུལ་འདེད་ཤུགས་ཆེ་གཏོང་བཞིན་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]