སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ་པའི་རྩེ་གདོང་ཟངས་ཆས་བཟོ་རྩལ།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྩེ་གདོང་ཟངས་ཆས་རྡུང་བཟོའི་ལག་རྩལ་ནི་ནེ་པ་ལ་ནས་རིམ་བཞིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཁོངས་སུ་དར་བ་ཞིག་དང་ལོ་རྒྱུས་ཧ་ཅང་རིང་པོ་ལྡན་ཡོད།  སྤྱི་ལོ ༢༠༠༨ ལོའི་ཟླ ༦ པར་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ནང་བཅུག་པ་རེད།  གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མ་ཤང་རྩེ་གདོང་གསེར་ཟངས་སྒྱུ་རྩལ་ལྟེ་གནས་ཀྱིས་ཟངས་ཆས་ཐོན་རྫས་སྣ་ཚོགས་བཟོ་བ་དང་།  དཔེ་དབྱིབས་གསར་བཟོ་དང་ཚ་ལ་རྒྱག་པ།  མེ་ཏོག་བརྐོ་བ།  གཙང་སེལ་བྱེད་པ།  འོད་འདོན་པ།  ཕྲ་རྒྱན་རྒྱག་པ་སོགས་བྱང་ཆུབ་པའི་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་བབ་ཆགས་ལ་ཉམས་དོད་པ་དང་བཟོ་ལས་ཞིབ་ཚགས་པ།  རི་མོ་མཛེས་པ་བཅས་ལས་ཐོན་པའི་ཟངས་ཆས་རྒྱ་ཆེའི་འཛད་སྤྱོད་པས་དགའ་པོ་བྱེད་པ་མ་ཟད་ལས་རིགས་ཧྲིལ་པོའི་ཁྱབ་ཁོངས་ནང་དུ་ཡང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མཁན་གྱིས་ཁེངས་ཡོད།། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]