ལྷ་ས་གྲོང་ཁྱེར་ཞོལ་སློབ་ཆུང་དུ་ལོ་གཅིག་དུས་གཅིག་གི་ལུས་རྩལ་འགྲན་ཚོགས་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2019-04-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༩ ཉིན་གྱི་སྔ་དྲོ་ལྷ་སའི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་ལོ་གཅིག་དུས་གཅིག་གི་ལུས་རྩལ་འགྲན་ཚོགས་སྤེལ་འགོ་ཚུགས་པ་རེད།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་སློབ་ཆུང་དུ་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས ༣༠ པ་འགོ་ཚུགས་ཤིང་།  སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི༼ སྤྲོ་སྣང་ལྡན་པའི་ལུས་རྩལ། བདེ་ཐང་ངང་དུ་འཚར་ལོངས། ༽ཞེས་པ་དེ་ཡིན་ཞིང་།  ཉིན ༢ རིང་གི་ལུས་རྩལ་འགྲན་ཚོགས་ཐོག་རྒྱུག་ཤར་དང་རྒྱང་མཆོང་།  ཐག་མཆོང་།  རྐང་སྦྲེལ་རྒྱུག་ཤར་སོགས་འགྲན་བསྡུར་རྣམ་གྲངས་མང་པོ་ཡོད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་སློབ་ཆུང་གི་སློབ་སྤྱི་ཀྲུའུ་ཤིན་ཧྭ་ཡིས།  ལོ་གཅིག་དུས་གཅིག་གི་ལུས་རྩལ་འགྲན་ཚོགས་བརྒྱུད་སློབ་མ་རྣམས་ཀྱི་སློབ་གསོའི་བྱང་ཚད་དང་སློབ་གྲྭའི་ལུས་རྩལ་སློབ་ཁྲིད་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་ཐུབ་པ་དང་།  དགེ་སློབ་ཀྱི་གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་ཐུབ་པ།  སློབ་མའི་དཀའ་སྤྱད་སྙིང་རུས་ཀྱི་སྙིང་སྟོབས་དང་མཐུན་སྒྲིལ་མཉམ་ལས་ཀྱི་ནུས་པ་སྐྱེད་སྲིང་ཐུབ་པ་བཅས་བྱས་ཏེ།  སློབ་མའི་ཀུན་སྤྱོད་དང་ཤེས་རིག  ལུས་རྩལ།  མཛེས་རྩལ།  ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་ཐུབ་པ་དང་དུས་རབས་གསར་པའི་རྒྱུན་འཛིན་པར་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]