ལྷ་སའི་གྲོང་མིའི་སྤྲོ་འཆམ་གྱི་བསྟི་གནས་སུ་གྱུར་བའི་རྫོང་རྒྱབ་ཀླུ་ཁང་།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བློ་དབང་།      སྤེལ་དུས།   2019-05-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ནང་།  ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་གནང་བའི་གལ་ཆེའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལེགས་པོ་བྱས་པས།  ལྷ་ཀླུ་འདམ་ར་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།  རྫོང་རྒྱབ་ཀླུ་ཁང་ནི་ལྷ་ས་གྲོང་ཁྱེར་གྱི་གཞི་རྒྱ་ཅུང་ཆེ་བའི་སྤྱི་གླིང་ཞིག་ཡིན་པ་དང་།  གནམ་གཤིས་རིམ་བཞིན་དྲོ་རུ་འགྲོ་བ་བསྟུན་ནས་དེ་གར་སྔོ་ལྗང་གིས་བརྒྱན་པ་དང་མཚེའུ་དྭངས་ཤིང་གཙང་པ།  བྱ་དང་བྱིའུའི་སྐད་སྒྲ་སྙན་པ་བཅས་ལྡན་པས་ལྷ་སའི་གྲོང་མི་ཚོའི་སྤྲོ་གསེང་དང་ལུས་སྦྱོང་བྱེད་སའི་གནས་ཤིག་ཡིན་ལ།  ལྷ་སར་ཡོང་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ངེས་པར་དུ་འགྲོ་བའི་ས་ཆ་ཞིག་ཀྱང་ཡིན།  ལྔ་གཅིག་ངལ་གསོའི་རིང་གི་དུས་སྐབས་བཟང་པོ་དེ་དང་བསྟུན་ནས་ལྷ་སའི་གྲོང་མི་དང་ཡུལ་སྐོར་བ་ཚོས་གནས་དེར་ཕྱིན་ཏེ།  མཛེས་ལྗོངས་མྱོང་རོལ་བྱེད་པ་དང་གྲུ་ཆུང་གཏོང་བ་སོགས་བྱས་ནས་ཞི་བདེ་བག་ཕེབས་ཀྱི་ངལ་གསོའི་འཚོ་བར་རོལ་བཞིན་ཡོད།


སྔོ་ལྗང་ལྗོན་ཤིང་སྐོར་བའི་མཚེའུ་ཡི་ནང་། མི་དང་ཆུ་བྱ་སྤྲོ་སྣང་ཅི་གར་རོལ།

རྒྱབ་ལྗོངས་ཕོ་བྲང་དམར་པོས་རྒྱན་པས་ན། སྤྱི་གླིང་ཉམས་འགྱུར་སྔར་བས་མཛེས་པར་མངོན།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]