གཞིས་རྩེ་གྲོང་ཁྱེར་གྱིས་ཡུལ་སྐོར་བཞིན་བཟང་ཕོ་ཉ༼ཇོ་རིའི་ལྷ་མོ༽དཔྱད་འདེམས་བྱེད་པའི་འགྲན་བསྡུར་སྐབས་བཞི་པ་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོན་ཡང་།      སྤེལ་དུས།   2019-05-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་ལྔ་པའི་ཚེས ༤ ཉིན།  གཞིས་རྩེ་གྲོང་ཁྱེར་གྱི་སྐབས་བཅུ་བདུན་པའི་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་།  གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུད་ཀྱིས་སྒྲུབ་འགན་འཁུར་བ།  བོད་ལྗོངས་ཨ་ཁུ་སྟོན་པ་ཚོགས་པ་དང་བོད་ལྗོངས་རོལ་དབྱངས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་རོགས་སྒྲུབ་བཅས་བྱས་པའི་གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་སྐོར་བཞིན་བཟང་ཕོ་ཉ༼ ཇོ་རིའི་ལྷ་མོ ༽དཔྱད་འདེམས་བྱེད་པའི་འགྲན་བསྡུར་སྐབས་བཞི་པ་ལྷ་སའི་ཡོངས་འདེམས་བྱེད་སྒོ་སྤེལ་ཡུལ་དུ་གཉེར་བ་རེད།

ཉིན་དེར།  ལྗོངས་ཡོངས་ནས་ཡོང་བའི་བདམས་ཐོན་པ ༢༢ ཀྱིས་བྱེད་སྒོའི་ནང་ཞུགས་ཏེ།  T སྟེགས་བུའི་ཐོག་ནས་མཛེས་ཉམས་དང་སྒྱུ་རྩལ་གྱི་འགྲེམས་སྟོན་སོགས་ངོ་མཚར་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད།  ངག་དབང་ཆོས་འཛོམས་དང་ཡེ་ཤེས་ལྷ་མཚོ་གཉིས་ཀྱིས་ཚབ་མཚོན་བྱས་པའི་འགྲན་ཞུགས་པ ༡༢ རིམ་འཕར་བསྐྱར་འགྲན་ནང་ཚུད་ཐུབ་པ་བྱུང་ཡོད།  འགྲན་ཞུགས་པ ༡༢ དེ་དག་ཞུགས་པའི་བསྐྱར་འགྲན་དེ་འདི་ཟླའི་ཚེས ༡༠ ཉིན་གཞིས་རྩེ་གྲོང་ཁྱེར་དུ་བྱས་ཏེ་འདེམས་སྒྲུག་འགྲན་བསྡུར་མཐའ་མ་དེའི་ནང་ཞུགས་མཁན་འདེམས་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྐབས་དེ་དུས་བསྐྱར་འགྲན་ནང་ཞུགས་མཁན་བདམས་ཐོན་པའི་ཁྲོད་ནས་བྱ་དགའ་ཨང་དང་པོ་དང་གཉིས་པ།  གསུམ་པ་ཐོབ་མཁན་བཅས་འདེམས་རྒྱུ་མ་ཟད།  དེ་མིན་ལྟད་མོ་བས་དགའ་ཤོས་བྱེད་པའི་བྱ་དགའ་དང་རྣམ་པ་ཡག་ཤོས་ཀྱི་བྱ་དགའ།  སྒྱུ་རྩལ་ཉམས་ཆེ་ཤོས་ཀྱི་བྱ་དགའ།  མཚོན་བྱེད་ལེགས་ཤོས་ཀྱི་བྱ་དགའ།  གཤིས་རྒྱུད་བཟང་ཤོས་ཀྱི་བྱ་དགའ་སོགས་རྣམ་གྲངས་རྐྱང་མའི་བྱ་དགའ་ཁག་ལྔ་ཡང་དཔྱད་འདེམས་བྱས་ཐོག་བྱ་དགའི་བུམ་པ་དང་ལག་འཁྱེར་སྤྲོད་རྒྱུ་མ་ཟད་འོས་བབ་ཀྱི་གཟེངས་བསྟོད་དངུལ་མར་ཡང་སྤྲོད་རྒྱུ་རེད།  དེས་མ་ཚད་བྱ་དགའ་ཐོབ་མཁན་གྱི་བདམས་ཐོན་པར་ཟས་སྡོད་འགན་ལེན་དང་མཁས་དབང་གི་མཛུབ་སྟོན།  རྣམ་པ་མཛེས་བཟོ།  དྲིལ་བསྒྲགས་པར་གཞི་དང་བརྙན་ཐུང་པར་ལེན།  MV སྒྲ་བརྙན་ཕབ་འཇུག  འོས་སྦྱོར་གན་འཇོག་སོགས་ཀྱི་གོ་སྐབས་མང་པོ་ཐོབ་རྒྱུ་རེད།  འགྲན་བསྡུར་མཐའ་མ་དེ་ཚེས ༢༤ ཉིན་གཞིས་རྩེའི་ཟློས་གར་ཁང་དུ་སྤེལ་རྒྱུ་རེད། 

གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཡུས་ཀྲི་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།  ད་བར་གཞིས་རྩེ་གྲོང་ཁྱེར་གྱིས་ལེགས་གྲུབ་ལྡན་པའི་ངང་ཡུལ་སྐོར་བཞིན་བཟང་ཕོ་ཉ༼ ཇོ་རིའི་ལྷ་མོ ༽དཔྱད་འདེམས་བྱེད་པའི་འགྲན་བསྡུར་ཐེངས་གསུམ་གཉེར་ཡོད་པ་དང་།  དེ་ནི་གཞིས་རྩེ་གྲོང་ཁྱེར་གྱི་ཕུན་སུམ་ཚོགས་པའི་རིག་གནས་དང་ལོ་རྒྱུས།  དམངས་སྲོལ་བཅས་དྲིལ་བསྒྲགས་བྱེད་པ་ཙམ་མ་ཟད།  སྐྱེ་ཁམས་ཀྱི་གཞིས་རྩེ་དང་སྤྱོད་བཟང་གི་གཞིས་རྩེ།  འཆམ་མཐུན་གྱི་གཞིས་རྩེ་བཅས་ས་ཁོངས་དེའི་སྒེག་ཉམས་ཀྱང་མངོན་པར་བྱེད་ཀྱིན་ཡོད།  ད་ཐེངས་ཀྱི་བྱེད་སྒོ་དེས་གཞིས་རྩེ་གྲོང་ཁྱེར་གྱི་གོམ་སྟབས་རྗེས་མའི་ཡུལ་སྐོར་ཚོང་རྟགས་ཀྱི་རྣམ་པ་གསར་གཏོད་དང་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱས་ནས།  གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་ལས་དེ་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]