ལྷ་ས་ནས་གཞིས་རྩེ་འབབ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་གསར་སྐྲུན་ལས་གྲྭ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷ་ས་ནས་གཞིས་རྩེ་འབབ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་གསར་སྐྲུན་ལས་གྲྭ་དེ་ལྷ་ས་གོང་དཀར་འབབ་ཐང་རིམ་མཐོའི་གཞུང་ལམ་གྱི་ཤེལ་གྲོང་ལང་གཟུགས་སྦྲེལ་ལམ་ནས་འགོ་ཚུགས་ཏེ།  ཆུ་ཤུར་རྫོང་དང་སྙེ་མོ་རྫོང་།  རིན་སྤུངས་རྫོང་།  བསམ་གྲུབ་རྩེ་ཆུས་བཅས་བརྒྱུད།  ཉེ་བའི་ལོར་བསྐྲུན་ཟིན་མ་ཐག་པའི་རྒྱལ་ལམ ༣༡༨ ལམ་རྒྱུད་དུ་གནས་པའི་གཞིས་རྩེ་འབབ་ཐང་གི་རིམ་མཐོའི་གཞུང་ལམ་དང་སྦྲེལ་མཐུད་ཐུབ་པ་བྱ་རྒྱུ་རེད།  ལྷ་ས་ནས་གཞིས་རྩེ་འབབ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་ལ་ཁྱོན་རིང་ཚད་སྤྱི་ལེ ༡༦༦.༡༦༨ ཡོད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར ༢༩༩ བཏང་སྟེ།  རིམ་པ་དང་པོའི་གཞུང་ལམ་འཛུགས་སྐྲུན་ལག་རྩལ་གྱི་ཚད་གཞི་ལྟར་སྐྲུན་རྒྱུ་ཡིན་ཞིང་།  འཆར་འགོད་ལྟར་ན་མགྱོགས་ཚད་ཆུ་ཚོད་རེར་སྤྱི་ལེ ༡༠༠ ཡི་ཚད་གཞི་ཡིན་པ་དང་།  ལས་གྲྭ་དེ་སྐྲུན་ཟིན་རྗེས་ལྷ་ས་ནས་གཞིས་རྩེ་བར་མོ་ཊར་སྡད་དེ་སྐྱོད་ཚེ་སྔོན་མ་ལས་ཆུ་ཚོད་གསུམ་ཙམ་ཉུང་བ་དགོས་ཀྱི་ཡོད།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]