རྗེ་འབུམ་སྒང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་ཐུམ་འབུའི་ནད་སྐྱར་བཤེར་ཆད་གསབ་ལས་དོན་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2019-05-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཐུམ་འབུའི་ནད་ནི་མི་ཕྱུགས་གཉིས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་སྲིན་འབུའི་ནད་རིགས་ཤིག་ཡིན།  ཉེ་ཆར།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་དོན་གཅོད་ཁྲུས་རང་ཁོངས་སུ་གནས་པའི་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་དང་།  ཚོང་ཁང་གི་ཚོང་པ་དང་ཚོང་གཡོག  གནས་སྡོད་གྲོང་མི་སོགས་མི་ཚོགས་ལ་ཐུམ་འབུའི་ནད་ཀྱི་སྐྱར་བཤེར་ཆད་གསབ་ལས་དོན་སྤེལ་འགོ་ཚུགས་ཡོད།

རྗེ་འབུམ་སྒང་ཁྲོམ་གཞུང་དོན་གཅོད་ཁྲུའི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་གཙོ་བཅོས་སྨན་པ་བློ་གྲོས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན།  ད་ཐེངས་ཐུམ་འབུའི་ནད་ཀྱི་སྐྱར་བཤེར་ལས་དོན་དེ་སྤྱི་ཟླ ༤ པའི་ཚེས ༡༠ ཉིན་སྤེལ་འགོ་ཚུགས་ནས་ད་བར་ཁྱོན་མི ༧༠༠ ལྷག་ཙམ་ལ་སྐྱར་བཤེར་བྱས་ཡོད།  གོམ་སྟབས་རྗེས་མར་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ནས་གྲོང་མིར་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ།  བཟའ་བཏུང་གི་ཐད་ནས་རང་ཉིད་ཀྱི་བདེ་ཐང་ལ་དོ་སྣང་བྱེད་དགོས་རྒྱུའི་འདུ་ཤེས་འཛུགས་སུ་འཇུག་པ་དང་།  ནད་གཞི་སྔོན་འགོག་དང་ནད་བཅོས་ཀྱི་འདུ་ཤེས་དེ་བས་ཟབ་ཏུ་གཏོང་ཐུབ་ཐབས་བྱེད་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]