ཀུན་བདེ་གླིང་དོན་གཅོད་ཁྲུས་ཁོངས་གཏོགས་སྡེ་ཁུལ་གྱི་ལས་དོན་མི་སྣར་རྩལ་ནུས་སྦྱོང་བརྡར་སྤྲོད་བཞིན་ཡོད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2019-05-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་ལྔ་པའི་ཚེས ༧ ཉིན།  ཀུན་བདེ་གླིང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་བོད་ལྗོངས་ཕན་ལས་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་དང་མཉམ་འབྲེལ་ཐོག་ལྷ་ཀླུ་སློབ་ཆུང་དུ་སྡེ་ཁུལ་གྱི་ལས་དོན་མི་སྣའི་འཇོན་ནུས་གོང་མཐོར་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པའི་ཟབ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོ་གཉེར་བ་མ་ཟད་སློབ་ཚན་ཡང་ཁྲིད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  དུས་ཡུན་ཉིན་བདུན་གྱི་ཟབ་སྦྱོང་རིང་།  ཀུན་བདེ་གླིང་ཁྲོམ་གཞུང་དོན་གཅོད་ཁྲུའི་ཁོངས་གཏོགས་སྡེ་ཁུལ་བཞིའི་ཨུ་ལྷན་ཚན་པ་གཉིས་དང་སྡེ་ཁུལ་ཀྱི་ལས་དོན་མི་སྣ་སྟེ་ཁྱོན་མི་གྲངས ༤༢ ལ་གཞུང་ལས་ཁང་གི་མཉེན་ཆས་བེད་སྤྱོད་དང་གཞུང་ཡིག་འབྲི་རྩོམ་སོགས་ཀྱི་རྩལ་ནུས་སྦྱོང་བརྡར་སྤྲད་དེ།  ལས་དོན་པའི་ཕྱོགས་གང་ཅིའི་ཐད་ཀྱི་ཕྱོགས་བསྡུས་གཞུང་དོན་གཉེར་སྒྲུབ་འཇོན་ནུས་མཐོ་རུ་གཏོང་རྒྱུ་རེད།

ཀུན་བདེ་གླིང་ཁྲོམ་གཞུང་དོན་གཅོད་ཁྲུའི་འགན་འཁུར་མི་སྣས་ད་ཆ་སྡེ་ཁུལ་གྱི་ལས་ཀའི་འགན་འཁྲི་ལྕི་ལ་བླང་བྱ་ཡང་མཐོ་པོ་ཡོད།  འོན་ཀྱང་སྡེ་ཁུལ་མང་པོ་ཞིག་ཏུ་ལས་དོན་མི་སྣས་གློག་ཀླད་བེད་སྤྱོད་ཡག་པོ་གཏོང་ཤེས་ཀྱི་མེད།  ད་ཐེངས་ཀྱི་སྦྱོང་བརྡར་བརྒྱུད་གཞི་རིམ་སྡེ་ཁུལ་གྱི་ལས་དོན་མི་སྣའི་ཕྱོགས་བསྡུས་གཞུང་དོན་གཉེར་སྒྲུབ་ཀྱི་འཇོན་ཐང་དང་ལས་ཆོད་སྔར་བས་མཐོ་རུ་ཕྱིན་ཏེ་མང་ཚོགས་ལ་དེ་བས་ཞབས་ཞུ་ལེགས་པ་སྒྲུབ་ཐུབ་རྒྱུའི་རེ་བ་བཅངས་ཡོད་ཅེས་བཤད།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]