མེ་སྐྱོན་སེལ་ཞིང་གནའ་བོའི་རིག་དངོས་དང་བཟོ་སྐྲུན་ལ་སྲུང་སྐྱོབ་བྱེད་པའི་དངོས་འཐབ་ནང་སྦྱོང་ཕོ་བྲང་པོ་ཏ་ལར་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལི།      སྤེལ་དུས།   2019-05-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དགོན་སྡེའི་རིག་དངོས་ཀྱི་མེ་སྐྱོན་མྱུར་སེལ་བྱེད་པའི་ལྗོངས་ཡོངས་ཀྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་འཇོན་ནུས་ཆེ་རུ་གཏོང་བ་དང་།  སྤྱི་ཚོགས་ཀྱི་འཕྲལ་བསྡོམས་མཉམ་འགུལ་ཚན་པར་མཉམ་རུབ་དམག་འཐབ་བྱེད་པའི་ལམ་སྲོལ་ཞིག་གཏོད་ཆེད།  སྤྱི་ཟླ ༥ ཚེས ༧ ཉིན།  འཛམ་གླིང་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཁུལ་ཕོ་བྲང་པོ་ཏ་ལར་མེ་སྐྱོན་སེལ་ཞིང་གནའ་བོའི་རིག་དངོས་དང་བཟོ་སྐྲུན་ལ་སྲུང་སྐྱོབ་བྱེད་པའི་དངོས་འཐབ་ནང་སྦྱོང་བྱེད་སྒོ་སྤེལ་བ་རེད།  ད་ཐེངས་ཀྱི་ནང་སྦྱོང་ནང་ཁྱོན་མེ་གསོད་རླངས་འཁོར ༡༠ དང་མེ་ཟོན་བཀོད་འཐབ་པ ༥༠ ལྷག་ཙམ་ཞུགས་ཡོད།  

ནང་སྦྱོང་ཁྲོད་ཉེན་ཁའི་གནས་ཚུལ་ཐོན་པ་དང་།  ཕོ་བྲང་པོ་ཏ་ལའི་འོས་འགན་མེ་གསོད་རུ་མིས་འཕྲལ་མར་མེ་ཟོན་རྒྱང་བསྒྲགས་བརྒྱུད་མི་སྣ་ཁ་ཐོར་དང་ཕྱིར་འཐེན་གྱི་བརྡ་ཁྱབ་བཏང་བ་མ་ཟད།  མེ་གསོད་ཡོ་ཆས་དང་ཉེ་འགྲམ་གྱི་མེ་གསོད་ཆུ་སྒོ་སྤྱད་དེ་འཕྲལ་མར་མེ་སྐྱོན་སེལ་བ་དང་རིག་དངོས་མྱུར་སྐྱོབ་བྱེད་འགོ་ཚུགས་ཡོད།  ཕོ་བྲང་པོ་ཏ་ལའི་མེ་གསོད་རོགས་སྐྱོབ་རུ་འབྲིང་གི་ལས་རེས་བཅུ་ཤོག་གིས་མགྱོགས་མྱུར་ངང་མེ་གསོད་ཆུ་མདའ་སྤྱད་དེ་མེ་ཤུགས་ཚོད་འཛིན་བྱས་པ་དང་།  རོགས་སྐྱོར་བྱེད་མཁན་ཁྲེན་ཀོན་ཆུས་རུ་འབྲིང་དང་པོ་དང་སྣེའུ་གྲོང་གསར་མེ་འཁོར་བབས་ཚུགས་ཀྱི་རུ་འབྲིང་།  དམིགས་བསལ་ལས་སྒྲུབ་རུ་འབྲིང་དང་པོ་བཅས་འབྱོར་རྗེས།  འོས་འགན་མེ་གསོད་རུ་ཁག་གི་སྔོན་ཇུས་བཀོད་སྒྲིག་གཞིར་བཟུང་མེ་ཟོན་རོགས་སྐྱོབ་བྱེད་ཁུལ་གྱིས་བཀོད་འདོམས་བྱེད་པ་དང་།  རོགས་སྐྱོར་བྱེད་མཁན་གྱིས་གཞོགས་འདེགས་བྱེད་པ།   ཐུན་མོང་ཐོག་མེ་གསོད་པ་བཅས་ཀྱི་གོ་རིམ་གཞིར་བཟུང་མེ་གསོད་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་བ་རེད།

འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  ད་ཐེངས་ཀྱི་ནང་སྦྱོང་བྱེད་སྒོ་དེས་འཕྲལ་བསྡོམས་རོགས་སྐྱོབ་ཚན་པ་ཁག་དབར་མཉམ་འགུལ་གཞོགས་འདེགས་དམག་འཐབ་བྱེད་པའི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བ་དང་།  བོད་ཀྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་དགོན་སྡེར་མེ་སྐྱོན་ཐོན་སྐབས་སུ་མེ་གསོད་པ་དང་གནའ་བོའི་རིག་དངོས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཡང་མཐོ་རུ་གཏོང་ཐུབ་ཡོད་པས་ནང་སྦྱོང་གི་སྔོན་དཔགས་ཕན་འབྲས་ཐོན་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]