ཐོན་པ་ཤང་དུ་སྤོས་བཟོ་རྩལ་ཉམས་ལེན་བར་སྟོང་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོལ་ཡང་།      སྤེལ་དུས།   2019-05-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཟླ ༥ ཚེས ༡༦ ཉིན་གྱི་ཕྱི་དྲོ།  ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་ཤང་གི་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་དང་བོད་ཀྱི་ཉམས་འགྱུར་ལྡན་པའི་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་འབྲེལ་ཐོག༼ དྲི་ཞིམ་ཕྱོགས་བཞིར་ཐུལ། སྙེ་མའོ་ཕུགས་འདུན་མངོན༽ཞེས་བརྗོད་དོན་གཙོ་བོར་བྱས་པའི་མངོན་མིན་ཤུལ་བཞག་རིག་གནས་རིམ་སྤོར་རྣམ་གྲངས་སྟེ་དྲི་ཞིམ་ཁྲོད་དུ་སྤོས་བཟོ་རྩལ་ཉམས་ལེན་བར་སྟོང་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་མཉམ་སྤྱོད་དང་ཉམས་ལེན་གྱི་རྣམ་པ་བརྒྱུད་སྐུ་མགྲོན་ཚོས་སྤོས་བཟོ་བའི་བརྒྱུད་རིམ་ནང་ཞུགས་ཏེ་ཉམས་ལེན་བྱེད་ཆོག་པ་མ་ཟད།  བོད་ཀྱི་གནའ་བོའི་སྤོས་བཟོ་རྩལ་ལག་ཤེས་དེར་བརྒྱུད་མངའ་བྱེད་པ་མ་ཟད་ལོ་ངོ་ ༡༣༠༠ ལྷག་གི་སྤོས་བཟོའི་ལོ་རྒྱུས་ཀྱང་ཤེས་རྟོགས་ཐུབ་ཏུ་འཇུག་གི་ཡོད།  སྤོས་བཟོ་རྩལ་དེ་རྒྱལ་ཁབ་ཀྱི་མངོན་མིན་ཤུལ་བཞག་རིག་གནས་གྲས་སུ་ཚུད་ཡོད་ལ་བོད་ཀྱི་ཁྱད་ལྡན་རིག་གནས་མཚོན་རྟགས་ཀྱི་གྲས་ཤིག་ཀྱང་ཡིན།  ཐོན་པ་ཤང་གི་ཁྱིམ་དུད་ཚང་མས་སྤོས་བཟོ་རྩལ་གྱི་ལག་ཤེས་ད་ལྟ་བར་རྒྱུད་སྤེལ་བྱེད་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  མངོན་མིན་ཤུལ་བཞག་རིག་གནས་ཀྱི་གྲས་ཡིན་པའི་ངོས་ནས་བོད་ཀྱི་ཉམས་འགྱུར་ལྡན་པའི་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས།  གསར་གཏོད་རང་བཞིན་དང་རིག་གནས་རང་བཞིན།  མཁོ་སྤྱོད་རང་བཞིན།  མཉམ་འདྲེས་རང་བཞིན་བཅས་གཅིག་ཏུ་བསྡུས་ནས།  མངོན་མིན་ཤུལ་བཞག་རིག་གནས་དང་བོད་ཀྱི་རིག་གནས།  དེང་རབས་ཁྲོམ་རའི་དཔལ་འབྱོར་བཅས་ཟུང་འབྲེལ་གང་ལེགས་བྱས་ཏེ་མི་དེ་བས་མང་བས་བོད་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཤེས་རྟོགས་ཐུབ་པ་མ་ཟད་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛམ་གླིང་ཡོངས་སུ་ཁྱབ་ཐུབ་པ་བྱེད་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]