སློབ་གྲྭར་ནག་སེལ་གཤེད་བཅོམ་བྱེད་སྒོ་སྤེལ་ཏེ་སློབ་མའི་རང་སྲུང་འདུ་ཤེས་མཐོ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2019-05-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྷ་ས་གྲོང་ཁྱེར་ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག་དང་ཟིང་བཅོས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་གྲོང་ཁྱེར་སྤྱི་བདེ་ཅུས་དང་གྲོང་ཁྱེར་སློབ་གསོ་ཅུས།  གྲོང་ཁྱེར་སྲིད་ཁྲིམས་ཅུས་སོགས་ཚན་པ་དང་མཉམ་འབྲེལ་ཐོག་བོད་ལྗོངས་སློབ་ཆེན་དུ་ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག་གཏོང་བའི་ཆེད་དོན་སྐོར་སྐྱོད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།  ཐེངས་འདིའི་བྱེད་སྒོའི་ཐོག་འབྲེལ་ཡོད་ཡིག་ཆ་ཁྱོན ༣༠༠༠ ལྷག་ཙམ་སྤྲད་པ་དང་།  སློབ་གསོ་དང་ལེན་བྱེད་པར་ཡོང་མཁན་དགེ་སློབ་མི་གྲངས ༧༠༠ ལྷག་ཟིན་ཡོད།

 

བྱེད་སྒོ་སྤེལ་ཡུལ་དུ་འབྲེལ་ཡོད་ཚན་པས་སྒྲོག་འགྲེལ་དང་ས་གནས་ས་ཐོག་ཏུ་སློབ་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་དགེ་སློབ་ཚོར་དུག་འགོག་དང་མྱུར་སྐྱོབ།  སློབ་གྲྭའི་གཏུམ་སྤྱོད་སྔོན་འགོག་སོགས་ཀྱི་ཤེས་བྱ་དང་རྩལ་ནུས་སློབ་ཁྲིད་བྱས་པ་རེད།  གྲོང་ཁྱེར་སྲིད་ཁྲིམས་ཅུས་ཀྱིས་དགེ་སློབ་ཚོར་ཞིབ་ཕྲའི་གྱོད་དོན་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་འགལ་ཉེས་གསོག་གིས་སྤྱི་ཚོགས་དང་སློབ་གྲྭར་བཟོས་པའི་གནོད་འཚེ་བརྗོད་པ་དང་།  གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་རང་སྲུང་དྲག་རྩལ་སློབ་ཁྲིད་བྱས་པ་མ་ཟད།  སློབ་མ་དང་མཉམ་དུ་ནག་སེལ་གཤེད་བཅོམ་གྱི་ཤེས་བྱ་སྤེལ་རེས་ཀྱང་བྱས་པ་རེད།  དེ་མིན་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་དགེ་སློབ་ཚོར་ཉེས་གསོག་པ་འཕྲད་སྐབས་ཚན་རིག་དང་མཐུན་པའི་རང་སྲུང་བྱ་ཐབས་སློབ་ཁྲིད་བྱས་པ་རེད།

སྤྱི་ལོ ༢༠༡༨ ལོའི་རྒྱ་ཡིག་རྩོམ་རིག་ཆེད་ལས་ཀྱི་སློབ་མ་ཡི་ཕུས་ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོས་ང་ལ་ནག་སེལ་གཤེད་བཅོམ་ཐད་ཀྱི་ཞིབ་ཕྲའི་བག་ཆག་དང་ངོས་འཛིན་ཟབ་མོ་བྱུང་།  རང་སྲུང་ཡག་པོ་བྱེད་པ་དང་དུས་མཚུངས་རང་ཉིད་ཀྱང་ནག་སེལ་གཤེད་བཅོམ་ཆེད་དོན་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཀྱི་ཡིན་ཞེས་བཤད།     
ལྷ་ས་གྲོང་ཁྱེར་ནག་སེལ་གཤེད་བཅོམ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས།  ཐེངས་འདིའི་བྱེད་སྒོས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་རྡུང་རྡེག་དང་དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་བཏང་སྟེ་སློབ་ཆེན་སློབ་མས་སྒྲིག་འཁུར་ཁྲིམས་སྲུང་ཐད་སློབ་སྟོན་བྱས་པ་མ་ཟད།  རང་སྲུང་དང་རང་ཉིད་ལ་སློབ་གསོ་གཏོང་བའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་ཐུབ་ངེས་རེད་ཅེས་བཤད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]