རང་ལྗོངས་ཀྱིས་བཟའ་བཅའི་བདེ་འཇགས་བྱ་སྤྱོད་ཅེས་པའི་བྱེད་སྒོ་ལྷ་སར་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཀོ་ཀོ།      སྤེལ་དུས།   2019-05-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བཟའ་བཅའི་བདེ་འཇགས་ཁྲིམས་ལུགས་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པ་དང་བཟའ་བཅའི་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་སྟེ་མི་ཚང་མས་བཟའ་བཅའི་བདེ་འཇགས་ཐད་དོ་ཁུར་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གཏོད་ཆེད།  སྤྱི་ཟླ ༥ ཚེས ༢༠ ཉིན་གྱི་ཕྱི་དྲོ།  བོད་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་ལས་རིགས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་བོད་ལྗོངས་བཟའ་བཏུང་དང་མགྲོན་ཁང་ལས་རིགས་ཞུགས་པའི་བཟའ་བཅའི་བདེ་འཇགས་བྱ་སྤྱོད་ཅེས་པའི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ་དང་།  ད་ཐེངས་ཀྱི་བྱེད་སྒོར་བོད་ཀྱི་བཟའ་བཏུང་ལས་རིགས་ཀྱི་ཁེ་ལས ༤༠༠ ལྷག་ཙམ་ཞུགས་ཡོད།

བྱེད་སྒོའི་ནང་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་ལས་རིགས་མཐུན་ཚོགས་ཀྱིས་འབྲེལ་ཡོད་ཁེ་ལས་ལ་བཟའ་བཏུང་དང་མགྲོན་ཁང་ལས་རིགས་ཀྱི་བཟའ་བཅའི་བདེ་འཇགས་ཚོད་ལྟའི་ཚན་པ་ཞེས་པའི་ལག་ཁྱེར་སྤྲད་པ་དང་།  དེ་རྗེས་བོད་སྐོར་སིལ་ཟས་ཁྲོམ་གཞུང་གི་རྣམ་གྲངས་འགོ་ཚུགས་མཛད་སྒོ་སྤེལ་བ་མ་ཟད།  རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་ལས་རིགས་མཐུན་ཚོགས་ཀྱིས་ད་དུང་པའེ་དབྱི་ཚོགས་པ་དང་རྒྱུ་ཆ་གཅིག་བསྡུས་ཉོ་སྒྲུབ་གྲོས་མཐུན་ཐོག་མིང་རྟགས་བཀོད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཡང་སྤེལ་བ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]