གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྩ་རིང་གྲོང་རྡལ་ཆ་ཚང་སློབ་ཆུང་དུ་གཅེས་སེམས་རོགས་སྐྱོར་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ།  སྤྱི་ཚོགས་ཡོངས་ནས་བྱིས་པ་འཚར་ལོངས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་རྣམ་པ་ཞིག་གཏོད་པ་དང་།  སྤྱི་ཚོགས་ཡོངས་ཀྱིས་དཀའ་ངལ་ཡོད་པའི་བྱིས་པར་དོ་ཁུར་དང་སེམས་ཁུར།  གཅེས་སྐྱོང་བཅས་བྱ་ཆེད།  ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་དུ་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ལས་དོན་རུ་ཁག་གིས་ཨན་ལི་བོད་ལྗོངས་ཡན་ལག་ཀུང་སི་དང་མཉམ་འབྲེལ་ཐོག  རྩ་རིང་གྲོང་རྡལ་ཆ་ཚང་སློབ་ཆུང་དུ་བསྐྱོད་དེ་གཅེས་སེམས་རོགས་སྐྱོར་བྱས་ནས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱེད་ཞེས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ།  རྩ་རིང་གྲོང་རྡལ་ཆ་ཚང་སློབ་ཆུང་གི་དཀའ་ངལ་ཡོད་པའི་སློབ་མ ༦༠ ལ་སློབ་སྦྱོང་མཁོ་ཆས་སྤྲད་པ་རེད། 
ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་སྤྱི་ཕན་དགེ་སྒྲུབ་བྱེད་སྒོ་དེ་ཨན་ལི་ཁེ་ལས་ནས་སྤེལ་བའི་རིག་གནས་ཀྱི་རོགས་སྐྱོར་རང་བཞིན་གྱི་བྱ་སྤྱོད་ཞིག་ཡིན་པ་དང་།  ཨན་ལི་ཁེ་ལས་དེ་ཀྲུང་གོའི་ཁྲོམ་རར་ཞུགས་ནས་ལོ་ངོ་ ༣༠ ལྷག་ཙམ་སོང་རིང་སྤྱི་ཕན་བྱེད་སྒོར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར ༨ ལས་བརྒལ་བ་མ་ཟད།  སྤྱི་ཕན་བྱེད་སྒོ་ཐེངས་ཁྲི ༡.༢ ཙམ་སྤེལ་ནས་བྱིས་པ་ཚར་ལོངས་དང་ཁོར་ཡུག་སྲུང་སྐྱོང་།  དང་བླངས་ཞབས་ཞུ་བཅས་ལ་ཞུགས་པ་དང་རྒྱབ་སྐྱོར་ཡང་ཤུགས་ཆེན་བྱས་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]