བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་གཏོད་ཅེས་པའི་སྤྱི་ཕན་བྱེད་སྒོའི་ད་ལོའི་བོད་སྐྱོད་བྱ་སྤྱོད་ལྷ་སར་སྤེལ་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོལ་ཡང་།      སྤེལ་དུས།   2019-05-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་དང་།  ཀྲུང་གོ་རྒྱ་གྲམ་དམར་པོ་ཐེབས་རྩ་ལྷན་ཚོགས།  པེ་ཅིང་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་གཏོད་ཅེས་པའི་བྱེད་སྒོའི་སྤྱི་ལོ ༢༠༡༩ ལོར་བོད་དུ་སྐྱོད་པའི་བརྗོད་དོན་གཙོ་བོའི་སྤྱི་ཕན་བྱ་སྤྱོད་ཀྱི་འགོ་ཚུགས་མཛད་སྒོ་ལྷ་སར་གཉེར་བ་རེད།  པེ་ཅིང་ནས་ཡོང་བའི་སྨན་བཅོས་ཚན་པ་བརྒྱ་ལྷག་ཙམ་གྱི་སྨན་དོན་དང་བླངས་པ་དང་སྤྱི་ཚོགས་ཐོག་གི་གཅེས་སེམས་མི་སྣ་བཅས་ཁྱོན་མི་གྲངས ༣༠༠ ལྷག་ཙམ་གྱིས།  སྤྱི་ཟླ ༥ ཚེས ༢༦ ནས ༣༠ ཉིན་བར་རང་ལྗོངས་མི་རིགས་ཁག་གི་མང་ཚོགས་ཁྲོད་སྣ་མང་ཕུན་སུམ་ཚོགས་པའི་བདེ་ཐང་ལ་སེམས་འཁུར་དང་རོགས་སྐྱོབ་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།

ད་ཐེངས་ཀྱི་སྤྱི་ཕན་བྱེད་སྒོའི་དང་བླངས་པ་ཚོ་ཚོགས་ཆུང་ ༦ ལ་བགོས་ནས་ལྷ་ས་དང་གཞིས་རྩེ།  ཉིང་ཁྲི་སོགས་གྲོང་ཁྱེར་དུ་བསྐྱོད་ནས་ལས་དོན་སྤེལ་འགོ་བཙུགས་ཡོད་པ་དང་།  དང་བླངས་པས་གྲོང་ཁྱེར་དང་རྫོང་།  ཤང་བཅས་ཀྱི་སྨན་ཁང་དང་།  དགོན་སྡེ་དང་སྤྱི་ཚོགས་ཕན་བདེ་ཁང་སོགས་སུ་བསྐྱོད་དེ་ས་གནས་དེ་གའི་མང་ཚོགས་དང་སྨན་དོན་ལས་དོན་པའི་དགོས་མཁོར་དམིགས་ཏེ་ནད་གཞི་བརྟག་དཔྱད་དང་གཅེས་སེམས་ཞལ་འདེབས།  གཤག་བཅོས།  ལྷན་སྐྱེས་སྙིང་ནད་གྲལ་བཤེར་དང་རོགས་སྐྱོབ།  བདེ་ཐང་ཚན་རིག་ཁྱབ་གདལ་སློབ་གསོ།  དུད་ཚང་དུ་འཚམ་འདྲི།  སྨན་བཅོས་ཆེད་ལས་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ལས་དོན་སྤེལ་རྒྱུ་མ་ཟད།  སྐྱེས་མའི་ཁྲུས་ཁང་དང་ལུས་སྦྱོང་ཁང་།  སྨན་དོན་ཁང་སོགས་ཀྱང་སྐྲུན་རྒྱུ་རེད།   
ཤེས་རྟོགས་བྱུང་བར་གཞིགས་ན།  ལོ་བཅུ་དཀའ་བཅད་འབད་བརྩོན་བྱས་པ་བརྒྱུད་བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་གཏོད་ཅེས་པའི་སྤྱི་ཕན་བྱེད་སྒོ་དེ་རང་རྒྱལ་གྱི་རྒྱ་ཆེའི་སྨན་དོན་ལས་དོན་པ་དང་སྤྱི་ཚོགས་ཀྱི་གཅེས་སེམས་གཅིག་ཏུ་སྒྲིལ་བའི་སྤྱི་ཕན་ལས་སྟེགས་ཤིག་ཏུ་གྱུར་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]